རིགས་རུས་མཐོ་དམན་གྱི་བརྩི་སྲོལ་ངན་པ།

གྲིབ་ནག

གནའ་དེང་རིག་གནས་མེ་ལོང་ལས་བཏུས།

       བོད་རིགས་ཡིན་ཕྱིན་ཆད་ཀྱི་རུས་རྒྱུད་ནི་བསེ་རྨུ་ལྡོང་སྟོང་དབྲ་འབྲུ་བཅས་ལས་གྱེས་པ་ལས་རུས་མཐོ་དམན་གྱི་བརྩི་སྲོལ་མེད་པར་མ་ཟད། ལོ་ངོ་སྟོང་ཕྲག་གོང་བོད་མིས་བཤན་པ་དང་མགར་བ་སོགས་ལ་རིགས་རུས་དམན་པར་བརྩི་སྲོལ་དེ་བས་ཀྱང་མེད་པ་ནི། མགར་བའི་རིགས་རྒྱུད་ཡིན་པར་གྲགས་པའི་མགར་སྟོང་བཙན་སོགས་ལ་དད་གུས་ཆེན་པོ་བྱེད་པ། བཤན་པ་རྨེ་རུ་རྩེ་བཤན་པའི་རྒྱུད་པ་ཡིན་ཡང་དད་གུས་བྱེད་པ་ཡིན། འོན་ཀྱང་། བོད་མིའི་བསམ་བློར་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་ལས་བྱུང་བའི་རྒྱལ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་རིགས་བཅས་རིགས་བཞི་བརྩི་སྲོལ་ཡོད་པ་ལས་གདོལ་རིགས་སྐྱེ་ས་དམན་པར་བརྩི་སྲོལ་ཡོད་པ་ཡིན། བོད་ལ་རིགས་དེ་རྣམས་འགྲེལ་བཤད་རྒྱག་སྐབས་དེའི་ལྟ་བ་རིམ་གྱིས་ཆགས་པ་དེ་བོད་ཡུལ་དུ་རིམ་གྱིས་དར་ནས་བཤན་པ་དང་མགར་བ་སོགས་ལ་སྐྱེ་ས་བཙོག་པར་བརྩིས་ནས་མཐོང་ཆུང་བརྙས་བཅོས་བྱས་པས་སྐྱོན་དང་ནོར་འཁྲུལ། མི་མཐུན་པ་སོགས་མང་པོ་བྱུང་བ་ནི།

༡ ཉེ་འཁོར་གྱི་མིས་མཐོང་ཆུང་ཆེན་པོ་བྱས་པས་སེམས་ལ་སྡུག་བསྔལ་ཆེན་པོ་བཟོས་པས་ནང་ཁུལ་ལ་འཁོན་འཛིང་དང་སྲོལ་རྒྱུན་རིག་གནས་ལ་མི་དགའ་བ་བྱེད།

༢ བོད་རིགས་ནང་ཁུལ་ནས་བཟའ་ཚང་མི་བརྙེད་པས་མི་རིགས་གཞན་ནས་བཟའ་ཟླ་འཚོལ་བ།

༣ མགར་བ་སོགས་ལ་མཐོང་ཆུང་བྱས་པས་ལག་ཤེས་མང་པོ་རྒྱུད་འཛིན་བྱ་མི་ཐུབ་པར་ལག་ཤེས་སྟོང་པ་སོགས་ཀྱི་གནད་དོན་ལ་དགོངས་ནས་པཎ་ཆེན་བཅུ་པ་ཆེན་པོས་མགར་བའི་ཁྱིམ་དུ་ཕེབས་ཏེ་གསོལ་ཇ་མཆོད་པ་དང་ཕྱག་བཏང་བ་སོགས་ཀྱིས་བོད་མི་ཐམས་ཅད་ཕ་སྤྲེལ་རྒན་དང་མ་བྲག་སྲིན་གཉིས་ལས་བྱུང་ཚུལ་བསྒྲུབས་པ་ཡིན་ནོ། །

   མདོར་ན་ང་ཚོས་རིགས་རྒྱུད་མཐོ་དམན་བརྩིས་ནས་རང་གིས་རང་རིགས་མེད་པར་བཟོ་བའི་ལུགས་སྲོལ་ངན་པ་དེར་ད་ནས་བཟུང་ང་ཚོས་དོར་དགོས་པ་མ་ཟད་བསྒྱུར་བཅོས་བྱས་ཏེ་རིགས་རྒྱུད་མཐོ་དམན་རྩི་མཁན་ལ་འགོག་རྒོལ་བྱ་དགོས་པ་ཡིན་ནོ། །

གནའ་དེང་རིག་གནས་མེ་ལོང་ནི་རྒྱ་ཡིག་འདི་ཡི་ཐོག་ནས་འཛུལ་དགོས།古今文化明镜


དྲི་བ།

༡གྲུབ་ཐོབ་ཐང་སྟོང་རྒྱལ་པོས་མགར་ཆེན་གྱི་ལས་མང་པོ་བྱས་ཀྱང་མགར་བར་མི་བརྩི་བའི་རྒྱུ་མཚན་ཅི།

༢འབྲོག་པས་མི་རབས་ནས་མི་རབས་བཤས་མང་པོ་གཏོང་ཡང་ཤན་པར་བརྩིས་ནས་མཐོང་ཆུང་དང་བརྙས་བཅོས་མི་བྱེད་པ་གང་ཡིན།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/5/22 བལྟ་ཀློག (33353)