འཛམ་གླིང་གསེར་བུམ་རྐང་སྤོལ་རྩེད་འགྲན་འགོ་བཙུགས།

    འཛམ་གླིང་གསེར་བུམ་རྐང་སྤོལ་རྩེད་འགྲན་འགོ་བཙུགས། ཕྱི་ལོ་༢༠༡༤ ལོའི་འཛམ་གླིང་གསེར་བུམ་རྐང་སྤོལ་འགྲན་སྡུར་གྱི་རྩེད་འགྲན་ཐོག་མ་དེ་ཕྱི་ཚེས་༡༢ ཉིན་གྱི་བྷར་ཛིལ་གྱི་གྲོང་ཁྱེར་སན་ཕའ་ལོ་རུ་འགོ་འཛུགས་བྱས་ཡོད་པ་རེད། རྒྱལ་སྤྱིའི་རྩེད་རིགས་མི་འདྲ་བ་མང་པོའི་ནང་ནས་ཕོ་མོ་དབྱེ་མེད་ཀྱིས་དགའ་མོས་དང་དོ་སྣང་ཆེ་ཤོས་བྱེད་སའི་འཛམ་གླིང་རྐང་སྤོལ་(FIFA World Cup 2014 ) ཞེས་པའི་དབུ་འབྱེད་མཛད་སྒོ་དེ་ཟླ་འདིའི་ཕྱི་ཚེས་༡༢ ཉིན། བྷར་ཛིལ་(Brazil) གྱི་གྲོང་ཁྱེར་སན་ཕའ་ལོ་(Sao Paulo ) རུ་ ITAR ཞེས་པའི་རྩེད་ཐང་དུ་༢༠༡༤ ལོའི་འཛམ་གླིང་གསེར་གྱི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༢༠ པ་དབུ་འཛུགས་བྱས་ཡོད་པ་དང་། དབུ་འཛུགས་མཛད་སྒོ་དེ་བྷར་ཛིལ་ (Brazil) དང་(Croatia) ཁི་རོ་ཤི་ཡ་རྐང་སྤོལ་རུ་ཁག་གཉིས་ཀྱིས་འགོ་འཛུགས་རྩེད་འགྲན་མ་བྱས་པའི་སྔོན་གྱི་ཆུ་ཚོད་གཉིས་རིང་འཚོགས་ཡོད་འདུག་ཅིང་། སྐབས་དེར་རྐང་སྤོལ་རྩེད་ཐང་དུ་འཁྲབ་སྟོན་པ་༦༠༠ ལྷག་གིས་རིག་རྩལ་འཁྲབ་སྟོན་བྱས་ཏེ། ཐེངས་འདིའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་ལ་དགའ་བསུ་ཟབ་རྒྱས་ཞུས་ཡོད་པ་རེད།

སྡེ་ཁག་ཀ

སྡེ་ཁག་ཁ།

སྡེ་ཁག་ག

སྡེ་ཁག་ང་།

སྡེ་ཁག་ཅ།

སྡེ་ཁག་ཆ།

སྡེ་ཁག་ཇ།

སྡེ་ཁག་ཉ།




རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/6/13 བལྟ་ཀློག (2625)