ལྔ་རིག་དར་རྒྱས་མཐོ་སློབ་གླིང་དུ་མགར་ཚང་གིས་བྱ་དགའ་སྤེལ་བའི་མཛད་སྒོ་བསྡུས།

མགར་སྤྲུལ་ཡོན་ཏན་རིན་ཆེན་གྱིས་བཞེངས་པའི་བཀྲ་ཤིས་ཆོས་ཐང་དགོན་ལྔ་རིག་དར་རྒྱས་མཐོ་སློབ་གླིང་།

     ༢༠༡༤ལོའི་ཟླ་༧པའི་ཚེས་༢ཉིན་སི་ཁྲོན་ཞིང་ཆེན་འཛམ་ཐང་རྫོང་བཀྲ་ཤིས་ཆོས་ཐང་དགོན་ལྔ་རིག་དར་རྒྱས་མཐོ་སློབ་གླིང་གི་སྐྱོར་དཔོན་སོགས་སློབ་གླིང་གི་ལས་སྣེ་༤༧ལ་བཙན་པོའི་མགར་གྱི་དྲ་བས་གཙོ་གཉེར་བྱས་ཤིང་མགར་སྤྲུལ་ཡོན་ཏན་རིན་ཆེན་ལགས་ཀྱིས་མཐུན་རྐྱེན་སྦྱར་ཏེ་དགོན་སྡེའི་སློབ་གསོ་གོང་འཕེལ་གྱི་ཆེད་དུ་གྲྭ་ཚང་འདུས་པ་རྒྱ་མཚོའི་གཞི་རྩའི་སྤུས་ཚད་ཇེ་ལེགས་ཇེ་རྒྱས་སུ་གཏོང་ཕྱིར་དང་།    དགོན་པའི་བློ་འཛིན་སྐྱོར་སྦྱོང་།     སྤྱི་ནས་སངས་རྒྱས་བསྟན་པ་རྒྱས་པའི་དོན་དང་། སྒོས་སུ་ཇོ་ནང་གྲུབ་མཐའ་སྤྱིའི་ཚེ་སྲོག་གི་ཉེན་ཚབས་ཤིག་ལ་བདག་སྐྱོང་དང་སྐྱོབ་ཐག་རྒྱོག་གིན་ཡོད་པའི་གྲྭ་མང་གི་ལས་སྣེ་འཛིན་པ་༤༧ལ་ལུང་རྟོགས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་འཆད་རྩོད་རྩོམ་གསུམ་གནང་བའི་ལེགས་སྐྱེས་སུ་གཟི་བརྗིད་དཔང་ཡིག་སོགས་ཕུལ་ཡོད།

མགར་སྤྲུལ་ཡོན་ཏན་རིན་ཆེན་ལགས་ཀྱིས་དགེ་བཤེས་དངོས་གྲུབ་དཔལ་ལ་དཔལ་རྒྱལ་བ་ཇོ་ནང་བའི་དྲྭ་ཚིགས་དངོས་འབུལ་ཞུས་པ།

བཙན་པོའི་མགར་གྱི་དྲ་བའི་གཙོ་གཉེར་པ་དང་མགར་སྤྲུལ་ཡོན་ཏན་རིན་ཆེན་གྱིས་ལས་སྣེ་དག་ལ་བྱ་དགའ་སྤྲོད་པ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/7/4 བལྟ་ཀློག (7707)