གྲོང་སྡེའི་རྩ་འཛུགས་འདེམས་བསྐོ་བྱེད་པའི་ཤེས་བྱ་དྲིས་ལན།

 དྲི་བ།  ད་སྔ་རང་རེའི་རྫོང་གི་གྲོང་སྡེ་རྩ་འཛུགས་བརྗེ་བསྐོའི་འདེམས་བསྐོ་ལས་དོན་འགོ་བཟུང་། དེའི་ན། ཅི་ཞིག་ལ་འདེམས་བསྐོའི་དབང་ཆ་ཟེར།

ལན།     ཀྲུང་ཧྭ་མི་དམངས་སྦྱི་མཐུན་རྒྱལ་ཁབ་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་དང་སི་ཁྲོན་ཞིང་ཆེན་གྱི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས།  འདེམས་བསྐོའི་དབང་ཆ་ལ་ཕྱོགས་གཉིས་ནང་དོན་འདུས། སོ་སོར་བདམ་བྱ་དང་འདེམ་བྱེད་ཀྱི་དབང་ཆ་ཡིན། གཉིས་ཀ་གཅིག་འགྱུར་གྱི་འདེམས་བསྐོའི་དབང་ཆ་ཟེར། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་འདེམས་བསྐོའི་ཁྲོད་ནས།བདམ་བྱའི་དབང་ཆ་ནི་གྲོང་མི་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་རང་རེས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མིའི་དབང་ཆ་ཡིན།  འདེམ་བྱེད་ཀྱི་དབང་ཆ་ནི་གྲོང་མིའི་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་རང་རེས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཚོགས་མི་ལ་འདེམ་བའི་དབང་ཆ་ཡིན།

དྲི་བ། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་འདེམས་བསྐོའི་ལས་དོན་ལ་རིམ་པ་གང་དག་ཡོད།

ལན།  ༡ འདེམས་བསྐོའི་ལས་དོན་གྲྭ་སྒྲིག

      ༢ འགོ་ཁྲིད་ཀྱི་སྒྲིག་གཞི་གཞི་ཚུགས་དང་འདེམས་བསྐོ་བྱེད་པ། 

༣འདེམས་བསྐོའི་ཁྱབ་བསྒྲགས་ལས་དོན་འགོ་བཟུང་ནས་འདེམས་དམངས་ལ་འདེམས་བསྐོ་ནང་ཞུགས་པར་སྐུལ་སློང་བྱ་རྒྱུ།

  འདེམས་དམངས་ཐོ་འགོད་པ།

  བདམ་བྱའི་འོས་མི་མིང་བཏགས་ནས་གཏན་ཁེལ་བྱེད་པ།

༦ བདམ་བྱའི་འོས་མི་ངོ་སྤྲོད་དང་བདམ་བྱའི་འོས་མིའི་འདེམ་པར་འགྲན་པའི་གཏམ་བཤད་གནང་བ།

༧འདེམས་ཤོག་འཕེན་པའི་ས་ཚིགས་ནས་འདེམས་ཤོག་འཕང་ནས་འདེམས་བསྐོ་བྱས་ནས། འདེམས་ཤོག་བསྡོམས་རྩིས་དང་ལྟ་སྐུལ་བྱ་རྒྱུ།

༨སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་གསོ་སྐྱོང་སྦྱོང་བརྡར་བྱེད་པ།

༩སྒྲིག་ཡིག་དང་སྒྲིག་ལམ་གསར་འཛུགས།

༡༠འདེམས་བསྐོ་བསྡོམས་རྩིས། འདེམས་བསྐོའི་ཡིག་ཚགས་ལེགས་བསྒྲིགས་ནས་བསྡོམས་རྩིས་ཀྱི་ཡིག་ཆ་གོང་ལ་སྤེལ་བ།

དྲི་བ།  གྲོང་མིས་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་འདེམས་དུས་ཡིག་འཇོག་བྱེད་དགོས་རྒྱུའི་གནས་ཚུལ་གང་དག་ཡོད།

ལན།   ལས་དོན་སྟབས་ཀྱིས་འདེམས་བསྐོ་ལག་བསྟར་བྱེད་མི་ཆོག

  ཆོས་ལུགས་བསམ་བློ་ཁྱབ་སྤེལ་བྱས་ནས་མི་གཞན་ལ་གནོད་སྐྱོན་གཏོང་མི་ཆོག

  འདེམས་དམངས་ལ་འཇིགས་སྐུལ་གཏོང་ནས་འདེམས་དམངས་ཀྱི་བདམ་བྱ་དང་འདེམ་བྱེད་ཀྱི་དབང་ཆ་ལ་གནོད་སྐྱོན་བཟོ་མི་ཆོག

༤འདེམས་ཤོག་རྫུན་མ་དང་མི་བདེན་རྫུན་སྒྲིག་བྱེད་མི་ཆོག

གོང་གི་སྤྱོད་ཚུལ་ལས་གཅིག་ཡོད་ན་ཁྲིམས་ལྟར་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མིའི་གོ་གནས་ལེན་རྒྱུ། གནས་ཚུལ་ཚབས་ཆེན་བྱུང་ན་ཁྲིམས་ལྟར་ཁྲིམས་ལུགས་ཀྱིས་འགན་འཁྲི་བཙད་གཅོད་དགོས།

དྲི་བ། མི་༡༠ཡན་ཆད་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་བདམ་བྱའི་འོས་མི་མིང་བཏགས་ན་ནུས་པ་ཡོད་དམ།

ལན།  ནུས་པ་མེད། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་བདམ་བྱའི་འོས་མི་ནི་རང་རེས་སྡེ་བའི་འདེམས་དམངས་ཀྱིས་ཐད་ཀར་མིང་བཏགས་པར་རེད།  མི་གཅིག་གིས་འདེམས་ཤོག་གཅིག་སྟེ། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་སྡེ་དམངས་ཚོགས་འདུ་དང་ཡང་ན་ཚོགས་ཆུང་གི་ཚོགས་འདུ་ཚོགས་ནས་མི་འདོག་དགོས། འདེམས་དམངས་ཕྱེད་ཀའི་ཡན་ཆད་ཀྱི་ཚོགས་འདུར་ཞུགས་ནས་མིང་བཏགས་ན་ད་རུང་ནུས་པ་ལྡན།གོང་གི་རྣམ་པར་མ་གཏོགས་རྣམ་པ་གཞན་གྱིས་མིང་བཏགས་ན་ནུས་པ་མེད།

དྲི་བ།  སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་དེ་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་བདམ་བྱའི་འོས་མི་ལ་མིང་བཏགས་ཡོད་ན། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་གོ་ས་ལེན་དགོས་སམ།

ལན། མི་དགོས། འོན་ཀྱང་འདེམས་བསྐོའི་ཚོགས་ཆེན་འགོ་འཛིན་མི་ཆོག  འདེམས་ཤོག་ལྟ་སྐུལ་བ་དང་འདེམས་ཤོག་སྡོམ་རྩིས་སོགས་ཀྱི་ལས་འགན་ཁུར་མི་ཆོག

དྲི་བ། སྡེ་དམངས་འདེམས་བསྐོ་ཨུ་ཡོན་ལྷན་ཚོགས་ཀྱིས་བདམ་བྱའི་འོས་མི་ལ་ཐོབ་ཐང་ཞིབ་དཔྱད་བྱེད་པའི་ནང་དོན་གང་གང་ཡོད།

ལན།   བདམ་བྱའི་འོས་མི་ལ་ངེས་པར་འདེམས་དམངས་ཀྱི་ཐོབ་ཐང་ཡོད་དགོས། བདམ་བྱའི་འོས་མི་བར་བཟའ་མི་དང་ཕ་མ་བུ་ཕྲུག  ཕུ་ནུ་མིང་སྲིང་གི་འབྲེལ་བ་ཡོད་མི་ཆོག བདམ་བྱའི་འོས་མི་མིང་བཏགས་པའི་གོ་རིམ་ཁྲིམས་ལུགས་ཀྱི་གཏན་འབེབས་དང་མཐུན་པ།

དྲི་བ། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ནང་ནས་ཕུ་ནུ་མིང་སྲིང་གི་འབྲེལ་བ་ཟེར་བ་ནི་གང་ལ་གོ

ལན།  སྤུན་ཟླ་ལ་གོ  ཕ་གཅིག་ལས་མ་མི་གཅིག་པདང་མ་གཅིག་ལས་ཕ་མི་གཅིག་པའི་ཕུ་ནུ་མིང་སྲིང་ལ་ཟེར། ཕ་རྒྱུད་དང་མ་སྤུན་གྱི་ཕུ་ནུ་མིང་སྲིང་ནང་མི་འདུས།

དྲི་བ། སྡེ་དམངས་ཨུ་ཡོན་ལྷན་ཚོགས་བར་གལ་ཏེ་སྒྱུག་པོ་སྒྱུག་མོ་དང་མནའ་མ། ཡང་ན་གྱོས་པོ་གྱོས་མོ་དང་མག་པ། ཡང་ན་བུ་སྤུན་དང་ཕུ་ནུ་མིང་སྲིང་གི་བཟའ་མི་ཡོད་ན་གཟུར་དགོས་སམ།

ལན།  མི་དགོས། བཟའ་མི་དང་ཕ་མ་དང་བུ་རྒྱུད། ཕུ་ནུ་མིང་སྲིང་གི་འབྲེལ་བ་མ་གཏོགས་གཞན་གཟུར་མི་དགོས།

དྲི་བ། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མིའི་བདམ་བྱའི་འོས་མི་ཅི་ལྟར་འདེམས་བསྐོ་བྱ་རྒྱུ།

ལན།སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་བདམ་བྱའི་འོས་མི་ནི་རང་རེས་སྡེ་བའི་འདེམས་དམངས་ཀྱིས་ཐད་ཀར་མིང་བཏགས་དགོས།  མི་གཅིག་གིས་འདེམས་ཤོག་གཅིག་འཕང་ནས་བདམ་བྱའི་འོས་མི་གཏན་ཁེལ་བྱ་རྒྱུ།སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་སྡེ་དམངས་ཚོགས་འདུ་དང་ཡང་ན་ཚོགས་ཆུང་གི་ཚོགས་འདུ་ཚོགས་ནས་མི་བཏགས་དགོས། འདེམས་དམངས་ཕྱེད་ཀའི་ཡན་ཆད་ཀྱི་ཚོགས་འདུ་ཞུགས་ནས་མིང་བཏགས་ན་ད་རུང་ནུས་པ་ལྡན། བདམ་བྱའི་འོས་མི་མིང་ཐོ་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་ཁྲིམས་ལྟར་ཞིབ་དཔྱད་བྱས་ནས་འདེམས་ཤོག་གི་གྲངས་ལྟར་གཏན་ཁེལ་བྱ་རྒྱུ། འདེམས་བསྐོ་ཉིན་སྔོན་གྱི་ཉིན་༥ནང་ཁྱབ་བསྒྲགས་བྱེད་དགོས།

དྲི་བ།  འདེམས་བསྐོ་བྱེད་པའི་ཚོགས་འདུ་ལ་རིམ་པ་གང་དག་ཡོད།

ལན།  རྒྱས་བཤད་བྱས་ན། འདེམས་བསྐོའི་ཚོགས་འདུ་ལ་རིམ་པ་༢༠ཡོད།

  ཚོགས་འདུ་འགོ་འཛིན་པ་ཡོངས་བསྒྲགས།

༢ ཚོགས་འདུར་ཞུགས་པའི་མི་གྲངས་ཞིབ་བཤེར་བྱེད་པ།

༣ རྒྱལ་གླུ་ལེན་པ།

༤ མིང་བཏགས་པའི་གནས་ཚུལ་ཡར་ཞུ་ནས་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་བདམ་བྱའི་འོས་མིའི་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུ།

༥འདེམས་ཤོག་འཕེན་ཐབས་ཡོངས་བསྒྲགས་བྱ་རྒྱུ།

༦འདེམས་བསྐོའི་ལས་དོན་མི་སྣ་ཡོངས་བསྒྲགས་བྱ་རྒྱུ།

༧འདེམས་ཤོག་འཕེན་སའི་སྒམ་ལ་ཞིབ་བཤེར་དང་དམ་པོར་སྦྱར་བ།

༨འདེམས་ཤོག་ཁ་འབྱེད་པ་དང་གྲངས་བཤེར་བྱེད་པ།

༩འདེམས་ཤོག་འགྲེལ་བཤད་དང་བཞུར་སྐྱོད་ཤོག་སྒམ་མངག་གཏོང་བྱ་རྒྱུ།

༡༠ འདེམས་ཤོག་གསང་ནས་འབྲི་བ།

༡༡ འདེམས་ཤོག་འཕེན་པ།

༡༢ ཤོག་སྒམ་གཅིག་བསྡུ།

༡༣ འདེམས་ཤོག་ལྷག་མ་བསྲེགས་པ།

༡༤ སྒམ་འབྱེད་ནས་འདེམས་ཤོག་གྲངས་གཤེར་བྱེད་པ།

༡༥འདེམས་ཤོག་ཞིབ་དཔྱད་བྱེད་པ།

༡༦ཡོངས་གྲགས་སུ་འདེམས་ཤོག་བརྩི་བ།

༡༧ ས་དེ་ག་ནས་འདེམས་ཤོག་གི་གྲངས་ཀ་ཁྱབ་བསྒྲགས་བྱེད་པ།

༡༨འདེམས་ཤོག་དམ་པོར་སྦྱར་བ།

༡༩ འདེམས་བསྐོའི་མཇུག་འབྲས་ཡིག་ཆ་འབྲི་བ།

༢༠ས་དེ་ག་ནས་འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་པ།

མཁོ་སྤྲོད་ལས་ཁུངས། རྔ་བ་རྫོང་ཁྲིམས་འཛིན་ཅུས། རྔ་བ་རྫོང་བློན་ཚང་ཡུལ་ཚོའི་ཁྲིམས་འཛིན་ལྟེ་གནས།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/8/31 བལྟ་ཀློག (44675)