བསམ་ཡས་དགོན་པས་ནད་པར་སྒོར་ཁྲི་བཅུ་གཉིས་ལྷག་གནང་སྦྱིན་བྱས་འདུག

    ༄༅།།སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༩བའི་ཚེས་༡ཉིན་བོད་ལྗོངས་ལྷོ་ཁ་ས་ཁུལ་མི་དམངས་སྨན་ཁང་ནང་དུ་ཡོད་པའི་ལྷོ་ཁ་ལྷུན་རྩེ་རྫོང་རི་ཐང་གྲོང་ཚོ་ནས་ཡིན་པའིནད་པ་པདྨ་དབྱངས་ཅན་ལ་མཁལ་མའི་ནད་ཚབ་ཆེན་ཞིག་ཕོག་སྟེ་ད་ལྟ་སྨན་ཁང་ནང་ལུས་ཡོད། དེར་རྟེན་བུ་མོ་དེ་ཉིད་ཀྱི་མཁལ་མ་གསར་པ་བརྗེ་རྒྱུ་ལས་མ་འདས་པར་གནས་བཞིན་འདུག་པས། རེ་བར་སུ་དང་སུ་ཞིག་ཡིན་རུང་ལེགས་ཤོས་བྱུང་ན་མངར་མོའི་རིགས་ཀྱི་བཏུང་བྱ་འཐུང་མི་རུང་། གལ་ཏེ་འཐུང་དགོས་བྱུང་ཚེ་གང་འཚམས་ཤིག་ལས་ཚོད་མེད་པའི་ཐོག་ནས་མིག་གིས་མཐོང་ཚད་གྲོད་པར་བླུགས་གང་ཐུབ་མི་བྱེད་རོགས།  བུ་མོ་ནད་པ་འདི་ཡང་མངར་རིགས་འཐུང་དྲག་པས་ཡིན་པ་གསལ་པོ་ཞིག་མི་ཤེས་ཀྱང་། གང་ལྟར་རང་རང་སོ་སོར་མཁལ་མའི་ནད་དུག་གིས་མི་མནར་བ་ཞིག་དགོས་ཚེ། ངེས་པར་དུ་ཕོ་མོ་སུ་ཞིག་ཡིན་རུང་རྐྱེན་མ་འབྱུང་གི་བཟློག་པ། ཆུ་མ་ཤོར་གོང་ཆུ་རགས། ཞེས་ཟེར་བ་ནང་བཞིན་ན་ཚའི་རིགས་གང་དང་གང་ལའང་སྔོན་འགོག་གི་གྲ་སྒྲིག་བྱེད་རྒྱུ་དེ།  མི་ཚེའི་རིན་ཐང་དང་འབྲེལ་བ་ཆགས་ཡོད་པས་བསམ་པའི་བློ་ངོར་ངེས་པ་བྱས་ཏེ་ལག་ལེན་མ་འཆུག་པ་གལ་ཆེ།  དེ་བཞིན་གཞན་ཕན་གྱི་བྱ་བར་རྟག་ཏུ་བརྩོན་བཞིན་རང་ཡལ་གཞན་གཅེས་ཁོ་ནར་བསམ་པ་ལྟར་དུརྒྱལ་སྲས་ཆེན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་གང་ཅི་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །ཅེས་གསུངས་པ་ཇི་བཞིན། སྐད་ཅིག་ཙམ་ལའང་། རང་དོན་ཁོག་ཏུ་བཅུག་མ་མྱོང་བའི་རྒྱལ་དང་རྒྱལ་སྲས་རྣམས་ཀྱི་མཛད་སྤྱོད་ལས་མ་འདས་པ་ཞིག་མིན་ཀྱང་། ཁ་ཚ་དགོས་ངེས་ཀྱི་ནད་པའི་ཆེད་དབང་མེད་གཞན་སྐུལ་ལ་རྟེན་ནས་བྱུང་བ་མ་ཡིན་པའི་གདན་ས་ཆེན་པོ། དཔལ་བསམ་ཡས་དགོན་གྱི་འདུས་མང་ཡོངས་ཀྱིས་མ་སྐུལ་དང་བླངས་ཀྱི་ཐོག  དབུལ་ཞིང་ཕོངས་པའི་ཁྱིམ་ཚང་དང་།  ནད་པ་གཉིས་ཀར་གཞན་ཕན་གྱི་ལྷག་བསམ་བཅངས་ཏེཁྱོན་མི་དམངས་ཤོག་སྒོར་ཁྲི་བཅུ་གཉིས་ལྷག་ཙམ་གྱི་ཞལ་འདེབས་ནད་པའི་དོ་བདག་རང་ལ་གནང་བ་ཙམ་མ་ཟད་ནད་པ་འདིས་གཙོས་པའི་གནམ་འོག་ནད་ཀྱིས་མནར་བའི་སེམས་ཅན་ཡོད་དོ་ཅོག་གང་གྱོགས་དྲག་སྐྱེས་དང་། བདེ་ཞིང་ཐང་པའི་བདེ་སྐྱིད་འཚོ་བར་རོལ་ཐུབ་པའི་བླ་ན་མེད་པའི་ཐུགས་སྨོན་བཅས་གནང་བར་དམར་ཆུང་སྙིང་དབུས་ནསདགའ་བཀུར་ཡི་རང་དང་ཐུགས་རྗེ་ཆེ་ཞེས་ཞུ་ཞུ།།།།

ནད་པ་དབྱངས་ཅན་པདྨོའི་མཁལ་མ་གསར་དུ་བརྗེ་རྒྱུའི་ཐད་འདི་ག་བསམ་ཡས་དགོན་གཞུང་ནས་ཞལ་འདེབས་སྒོར་ཁྲི་བཅུ་གཉིས་ལྷག་ཙམ་ཕུལ་ཏེ།  དབྱངས་ཅན་པདྨོ་གང་མྱུར་བདེ་ཐང་ནད་མེད་ཚེ་རིང་ལོ་བརྒྱ་ཡོང་བའི་སྨོན་འདུན་ཞུས་ཡོད།

昨天给双肾衰竭的央金白玛送来桑耶寺全体僧人的祈祷与祝福,在一位面对死亡的年轻病人面前桑耶僧众解囊相助为她筹款十二万两千元,希望她的身体能好起来。感谢我们的僧人对她的帮助,同时期待更多的人都能帮助央金白玛重获新生。


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/9/2 བལྟ་ཀློག (5057)