བོད་རིགས་ཀྱི་གཏམ་དཔེ། ༼ ང་། ༽

           ༼ ང་། ༽


ང་གར་འགྲོ་ནམ་མཁའི་བྱ་ཡིན།

བྱ་གར་འབབ་རང་གི་ལག་ཡིན།


ང་རྒྱལ་གྱི་བྲག་འབུར་སྟེང་།

ཡོན་ཏན་གྱི་ཆུ་མི་ཆགས།


ང་ལོ་ཆུང་ཡང་ཡར་ལ་སྐྱེས་རྒྱུ་ཞིག་ཡོད།

ཁྱོད་ལོ་ལན་ཡང་མར་ལ་འགུག་རྒྱུ་ཞིག་ཡོད།


ང་ཉམ་ཆུང་གི་ཁབ་ཡང་ལྕགས་རེད།


ང་སྦལ་བ་ནག་ཁུང་ནང་ན་ཡོད་ཀྱང་།

ངའི་བསམ་པ་གླིང་དཀར་སྟོད་ན་ཡོད།


ང་རྨ་ཆུ་བརྒལ་ནི་མ་སྐྲག་ན།

ཁྱོད་རབ་ཁར་འདུག་ནི་སྐྲག་དོན་མེད།


ངང་བ་མཚོ་རུ་འཁོར་དུས།

ཉ་མོ་སྐྲག་དགོས་མ་རེད།


ངང་བས་མཚོ་ངོམས་ན།

འུག་པས་བྲག་དང་སྤྲེའུས་ཤིང་།

ནགས་ངོམས་རྒྱུ་ཡོད།


ངན་པ་བསྐྱངས་ན་བཟང་པོ་བརྡུང་བ་འདྲ།


ངན་པ་ཚར་མ་བཅད་ན།

བཟང་པོ་སྤྲོ་མི་སྐྱེ༼འཕེལ༽།


ངན་པ་རང་རྩིས་ཆེ།

ཁྱི་རྒན་སྐྱག་རྩིས་ཆེ།


ངན་ལ་ཆད་མ་གཅོད།

བཟང་ལ་བྱ་དགའ་སྟེར།


སྔོན་ལ་སྐྱེས་པའི་ཨམ་ཅོག

གཞུག་གུར་སྐྱེས་པའི་རྭ་ཅོ།


སྔར་བྱས་རྒྱབ་སྐྱུར།

ཕྱིན་ཆད་པང་བླངས།


རྔ་མོ་སྐེ་རིང་ཡང་།

ལ་ཁ་རྒྱབ་ཀྱི་རྩྭ་མི་རག


རྔ་ཚིག་མ་བརྡུངས།

ཁྱི་ཚིག་མ་མང་།


རྔ་མི་བརྡུངས་རྔ་ཡབ་ལ་མི་འཇུ།


རྔ་མདུད་རང་གྲོལ།

སྦྲུལ་མདུད་སྦྲུལ་བཤིག


རྔ་བརྡུངས་རྒྱུ་བཞག་ནས།

རྔ་དབྱུ་ལའང་ལག་པ་འཆང་རྒྱུ་མིན།


རྔ་གོག་བརྡུངས་ན་ཟེར་གོག་ཡངས།

                                               ༼    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།    སྡུད་སྒྲིག་མཁན།   སྐལ་བཟང་དོན་འགྲུབ།  ༽

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/10/3 བལྟ་ཀློག (22522)