བོད་རིགས་ཀྱི་གཏམ་དཔེ། ༼ ཉ།༽

           ༼  ཉ། ༽

ཉ་ཆུ་དང་བྲལ་ན་འཆི་རྒྱུ་རེད།


ཉྭ་ཕྲ་ཡང་རྡོག་ཁྲེས་ལྗིད་པོ་འཁུར།


ཉ་མོ་མ་ཟིན་པ་མ་གཏོགས།

མཚོ་མཐའ་མ་བསྐོར་བ་མེད།


ཉ་གསེར་མིག་རྒྱ་མཚོར་གསལ་གསལ་འདི།

ས་སྐམ་སར་ཐོན་ན་ཞ་ར་འདྲ།



ཉྭ་ཕྲའང་སྟོང་སྐུད་སུམ་བསྒྲིགས་རེད།

ཉལ་ས་བྱུང་ན་རྐྱོང་ས་དྲན།


ཉི་མ་ཁེར་འགྲོ་གཟའ་དང་ཐུག

སྐར་ཚོགས་དཔུང་འགྲོ་འགྱུར་བ་མེད།

ལུ་ག་ཁེར་འགྲོ་སྤྱང་དང་འཕྲད།

གཡང་དཀར་དཔུང་འགྲོ་ཁྱུ་རེ་འཐུག


ཉི་མ་ཤར་བར་སྦར་རས་མི་ཁེབས།


ཉིན་མོའི་མི་དང་།

མཚན་མོའི་ཁྱི།


ཉིན་མོ་རི་མགོ་ཐམས་ཅད་མིག་དང་།

མཚན་མོ་རྩིག་སྦྲག་ཐམས་ཅད་རྣ་ཅོ།


ཉེ་པོ་མིག་གིས་མ་མཐོང་ཡང་།

རིང་པོ་རྣ་བས་ཐོས་ལེ་རེད།


ཉེས་ཅན་རྒྱ་ཡན་དུ་མ་སོང་བ་དང་།

ཉེས་མེད་ཉེས་ཅན་ཁོངས་སུ་མ་ཚུད་པ།


ཉེས་པ་མེད་པར་ཆད་པ།

བུག་བུ་མེད་པར་ལྷན་པ།


ཉམ་ཆུང་འདུག་ཤེས་ན།

བཙན་པོས་འགུལ་མི་ཚུགས།


གཉེན་ཉེ་བའི་ཕྱོགས་ལ་དར་ལས་འཇམ།

སྡང་དགྲ་བོའི་འགྲམ་དུ་ཚེར་ལས་རྩུབ།


གཉེན་ཉེ་བའི་ཟས་དེ་མང་མི་དགོས།

ཐག་ཆོད་པའི་གཏམ་དེ་མང་མི་དགོས།


མཉེན་ལ་འབྱར་བདེ།

སྲ་ས་འདྲེད་བདེ།


མཉེན་མོ་མཉེན་མོ་སོ་ཡིས་མི་ཆོད།

ཡང་མོ་ཡང་མོ་ཕྲག་གིས་མི་འཕང་།


སྙིང་ལ་རུས་པ་ཡོད་ན།

རྡོ་ལ་ཨི་ཁུང་འབིགས།

                                 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   སྡུག་སྒྲིག་མཁན།  སྐལ་བཟང་དོན་འགྲུབ། 

རྩོམ་སྒྲིག་པ།  གསང་བདག  སྤེལ་དུས། 2014/10/20 བལྟ་ཀློག (22954)