པདྨ་ཚེ་བརྟན་ལགས་ངོ་སྤྲོད་མདོར་བསྡུས།

བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ངོ་སྤྲོད་མདོར་བསྡུས།

     པདྨ་ཚེ་བརྟན་ལགས་ནི་༡༩༦༩ལོའི་ཟླ༡༢ པར་མཚོ་སྔོན་ཞིང་ཆེན་གྱི་ཆར་གཏོགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འཁྲུངས་ཤིང་། རྩོམ་རིག་རབ་འབྱམས་པའི་ཡོན་གནས་བཞེས་པའི་དེང་རབས་བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་ཞིག་ཡིན། ༡༩༩༡ལོ་ནས་༡༩༩༥ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་བསླབ་གཞི་མཐའ་དག་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཤིང་། ༡༩༩༥ལོ་ནས་༢༠༠༠ལོའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཆར་གཏོགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དུ་ཕྱག་ལས་གནང་མྱོང་།  ༢༠༠༠ལོ་ནས་༢༠༠༢ལོའི་བར་དུ་ཡང་བསྐྱར་ནུབ་བྱང་མི་རིགས་སློབ་ཆེན་དུ་ ཕྱིན་ནས་རབ་འབྱམས་པའི་ཉན་ཐོས་ཀྱི་ས་བོན་མི་དམན་པ་ཞིག་བཞེས། ༢༠༠༢ལོ་ནས་༢༠༠༤ལོའི་བར་དུ་པེ་ཅིང་གློག་བརྙན་སློབ་གླིང་དུ་སློབ་གཉེར་གནང་པ་དང་། ༢༠༠༤ལོའི་ལོ་མཇུག་ཏུ་པེ་ཅིང་ཧི་མ་ལ་ཡའི་གློག་བརྙན་རིག་གནས་བརྒྱུད་སྒྲོག་ཚད་ ཡོད་ཀུང་སི་བཙུགས་པ་དང་། རིམ་གྱིས་ཀྲུང་གོའི་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་། ཀྲུང་གོའི་གློག་བརྙན་མཁན་མཐུན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་གློག་བརྙན་རྩོམ་རིག་རིག་པའི་མཐུན་ཚོགས་ཀྱི་ཁོངས་མི་བཅས་སུ་གྱུར་པ་རེད།
    
༡༩༩༡ལོ་ནས་བཟུང་རྩོམ་རིག་བརྩམས་ཆོས་ཀྱི་ལས་སུ་ཞུགས་ཤིང་། སྔ་གཞུག་ཏུ་བོད་ཡིག་དང་། རྒྱ་ཡིག་བཅས་ཀྱི་ལམ་ནས་བརྩམས་པའི་སྒྲུང་ཐུང་དང་སྒྲུང་རིང་ལྔ་བཅུ་ལྷག་མཛད་ཅིང་།  ལོ་ཙྭའི་བརྩམས་ཆོས་བཅུ་ལྷག་ཡོད་པ་རེད། དེ་དག་གི་ནང་ནས་བརྩམས་ཆོས་ཁག་ཅིག་དབྱིན་ཇིའི་སྐད་དང་། ཧྥ་རན་སིའི་སྐད། འཇར་མན་སྐད་སོགས་སུ་བསྒྱུར་ཡོད་པ་མ་ཟད། བོད་ཀྱི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བའི་རིག་རྩལ་གསར་རྩོམ་གྱི་བྱ་དགའ།  ཀྲུང་གོའི་དེང་རབས་ཀྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་པ་ཕུལ་བྱུང་ཅན་གྱི་བྱ་དགའ་སོགས་བྱ་དགའ་གང་མང་བཞེས་མྱོང་། ད་ལྟའི་བར་དུ་པར་དུ་སྐྲུན་ཟིན་པའི་སྒྲུང་གཏམ་རིང་གྲསརྗེ་བླ་མ་བོད་ལྗོངས་སུ་བཞུགས་དུས》〔མཉམ་རྩོམདང་། ལོ་ཙྭ་བགྱིས་པའི་བརྩམས་ཆོས་རིང་གྲསབཤད་ནས་ཚར་རྒྱུ་མེད་པའི་གཏམ་རྒྱུདབཅས་ཡོད་ཅིང་། བོད་ཡིག་དང་རྒྱ་ཡིག་གི་སྒྲུང་གཏམ་ཕྱོགས་སྒྲིགཀྱང་པར་དུ་བསྐྲུན་རྩིས་ཡོད་པ་རེད།
 
གློག་བརྙན་འཁྲབ་ཁྲིད་པའི་ལོ་རྒྱུས།
     
༢༠༠༢ལོ་ནས་བཟུང་གློག་བརྙན་བསྒྱུར་སྒྲིག་དང་འཁྲབ་ཁྲིད་ཀྱི་ལས་གཉེར་ཞིང་། ཁོང་གི་གློག་བརྙན་ཐོག་མ་སྟེ་གློག་བརྙན་ཐུང་ངུལྷིང་འཇགས་ཀྱི་མི་ཎི་རྡོ་འབུམཞེས་པར་༢༠༠༣ལོར་སློབ་གྲྭ་ཆེན་མོ་བའི་གློག་བརྙན་དུས་ཆེན་སྐབས་བཞི་བའི་གློག་བརྙན་ཐུང་ངུའི་འགྲན་བསྡུར་ཚན་པའི་ཆེད་ལས་ཚོགས་ཆུང་གི་འཁྲབ་པའི་གློག་བརྙན་གྱི་ནང་དོན་རིགས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པ་མ་ཟད། པེ་ཅིང་གློག་བརྙན་སློབ་གླིང་གི་མཆོད་རྟེན་དབྱིབས་ཀྱི་བྱ་དགའ་ཞེས་པའི་སྐབས་དང་པོའི་ཕུལ་བྱུང་གློག་བརྙན་གྱི་བྱ་དགའ་དང་། པེ་ཅིང་གི་རྒྱལ་སྤྱིའི་DVགླེང་སྟེགས་སྐབས་དང་པོའི་བྱུང་རིམ་གློག་བརྙན་གྱི་བྱ་དགའ།
  
ཁོ་རེ་ཡའི་རྒྱལ་ས་ཧན་གྲོང་དུ ཡ་ཞི་ཡའི་རྒྱལ་སྤྱིའི་གློག་བརྙན་ཐུང་ངུའི་དུས་ཆེན་སྐབས་གཉིས་པའི་དཔྱད་ འདེམས་ཚོགས་པའི་བྱ་དགའ་བཅས་ཀྱང་ཐོབ་མྱོང་བ་རེད།
35mm
ཡི་ཚོན་ལྡན་གཏམ་རྒྱུད་ཐུང་ངུརྩྭ་ཐང་ཞེས་པར་༢༠༠༤ལོརརྒྱལ་སྤྱིའི་སློབ་གྲྭ་བའི་གློག་བརྙན་བརྩམས་ཆོས་འགྲེམས་སྟོན་སྐབས་གསུམ་པའི་ནང་ཀྲུང་གོའི་ སློབ་མའི་ཆེས་མཆོག་ཏུ་གྱུར་པའི་གློག་བརྙན་ཐུང་ངུའི་བྱ་དགའ་ཐོབ་པ་མ་ཟད། ཧྥ་རན་སི་དང་།  ལྗར་པན།  ཨུ་རུ་སི།  ཁོ་རེ་ཡ། ཧོ་ལན་སོགས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གློག་བརྙན་འགྲེམས་སྟོན་དུ་ཞུགས་པ་རེད།
 
ཟིན་ཕབས་གློག་བརྙན་ཆེས་མཐའ་མཇུག་གི་སེར་སྲུང་པ། ཞེས་པ་༢༠༠༤ལོར་DISCOVERYའཁྲབ་ཁྲིད་པའི་འཆར་འགོད་ནང་དུ་བདམས་པ་དང་།
35mm
བྱུང་རིམ་གློག་བརྙན་རིང་གྲསལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ཞེས་པར་༢༠༠༥ ལོར་ཁ་ན་ཏའི་གྲོང་ཁྱེར་ཝུན་ཀོ་ཧྭའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས༢༤ བའི་སྟེངསྟག་འབྲུགཞེས་པའི་དམིགས་བསལ་བྱ་དགའ་ཐོབ་པ་དང་།
      
ཁོ་རེ་ཡའི་ཧྥུ་ཧྲན་རྒྱལ་སྤྱིའི་གློག་བརྙན་གྱི་དར་ལུགས་གསར་བཞེས་པའི་ཁྱད་དུ་འཕགས་པའི་བྱ་དགའ། ཀྲུང་གོའི་གློག་བརྙན་སྐབས་༢༥བའི་གསེར་བྱ་རྟགས་ཅན་གྱི་བྱ་དགའ་སྟེ། ཆེས་མཆོག་ཏུ་གྱུར་བའི་འཁྲབ་ཁྲིད་པའི་གློག་བརྙན་ཐོག་མའི་བྱ་དགའ།
ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས༣༠བའི་ རྒྱལ་སྤྱིའི་གློག་བརྙན་དཔྱད་འདེམས་མཁན་གྱི་མནའ་འབྲེལ་བྱ་དགའ
      ཞང་ཀང་གི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་༣༠བའི་གནམ་བདག་ཆོས་ལུགས་རིག་གནས་ཀྱི་བྱ་དགའ་སྟེ་ཁྱད་དུ་གཟེངས་སུ་བསྟོད་པའི་བྱ་དགའ།
སློབ་ཆེན་སློབ་མའི་གློག་བརྙན་དུས་ཆེན་སྐབས༡༣པའི་ཆེས་མཆོག་ཏུ་གྱུར་བའི་གློག་བརྙན་ཐོག་མའི་བྱ་དགའ།
     ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས༩བའི་ཨེ་ཤ་ཡའི་མི་སྣ་གསར་བའི་བྱ་དགའ་སྟེ་ཆེས་མཆོག་ཏུ་གྱུར་བའི་འཁྲབ་ཁྲིད་པའི་བྱ་དགའ།
   ཁྲང་ཁྲུན་གློག་བརྙན་དུས་ཆེན་སྐབས་བརྒྱད་པའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་དམིགས་བསལ་བྱ་དགའ
   ༢༠༠༦ལོའི་ཀྲུང་གོའི་གློག་བརྙན་སློབ་གླིང་གི་བྱ་དགའ་སྟེཀྲུང་གོའི་གློག་ བརྙན་བརྙན་འཕྲིན་བརྩམས་ཆོས་ཀྱི་མཐོང་ཚོར་སྒྱུ་རྩལ་གྱི་ལོ་དེའི་བྱ་དགའ་ཆེན་ པོསོགས་བྱ་དགའ་མི་ཉུང་བ་ཞིག་ཐོབ་མྱོང་ཡོད་ཅིང་།美国ཨ་རིའི་ཅིའུ་ཅིན་ཧྲན་ རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་།  ཧྥ་རན་སིའི་ནན་ཐེ་གླིང་ཆེན་གསུམ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།  ཧྥ་རན་སིའི་གྲོང་ཁྱེར་པ་ལིར་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན།  ཧོ་ལན་གྱི་ལུ་ཏེ་ཏན་ཞེས་པའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན།  ལྗར་པན་དུ་འཚོགས་པའི་ཀྲུང་གོའི་གློག་བརྙན་དུས་ཆེན་སོགས་སུ་འགྲེམས་སྟོནཡང་་བྱས་པ་རེད།

 ༢༠༠༧ལོར་གྲུབ་པའི་གློག་བརྙན།
ཀ་ཐོག་སྨོན་ལམ་ཆེན་མོ》(ཟིན་ཕབས་གློག་བརྙན
བསམ་ཡས་དགོན》(ཀྲུང་གོའི་དགོན་སྡེ་གྲགས་ཅན་དང་སྐྱེས་ཆེན་དམ་པ་ཞེས་པའི་མུ་འབྲེལ་ཟིན་ཕབས་གློག་བརྙན
 
༢༠༠༨ལོར་གྲུབ་པའི་གློག་བརྙན།
འཚོལ》(གཏམ་རྒྱུད་གློག་བརྙན)《ཁྱི་རྒན》(གཏམ་རྒྱུད་གློག་བརྙན
དོར་མ་དུང་ཆེན་དར་སྲོལ་ཆེ་བའི་༡༩༨༣ལོ》(གཏམ་རྒྱུད་གློག་བརྙན

༢༠༡༤ལོར་གྲུབ་པའི་གློག་བརྙནགཡང་མདའ

ངེད་དྲ་བས་ཁོང་དང་གླེང་མོལ་བྱས་པ།



རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/11/3 བལྟ་ཀློག (25013)