གཞས་མ་ཚེ་དབང་ལྷ་མོའི་གླུ་གཞས་ཆེད་བསྒྲིགས་གངས་རིའི་བུ་མོ།

     ཤ་རུས་གདུང་རྒྱུད་གཅིག་ཅིང་སེམས་དང་དམིགས་ཡུལ་གཅིག་པའི་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་ཞུ་དོན།  བོད་ཀྱི་གཞོན་སྐྱེས་གླུ་མ་ཚེ་དབང་ལྷ་མོ་ལགས་ཀྱི་གླུ་གཞས་ཆེད་བསྒྲིགསགངས་ རིའི་བུ་མོཁག་གཉིས་པའི་ཟེར་སྡེར་སྤུས་དག་ལེགས་གྲུབ་བྱུང་ཡོད་པས།  ཁོ་མོའི་ད་རེས་ཀྱི་ཆེད་བསྒྲིགས་འདི་ནི།    ནང་གླུ་ཚིག་དང་གཞས་ལེན་སྟངས།    ཕྱི་བརྙན་རིས་དང་ཟེར་སྡེར་གྱི་སྤུས་ཀ་སོགས་གང་ས་ཅི་ཐད་ནས་ཀྱང་སྔོན་དང་མི་འདྲ་བ་ཞིག་རེད།

       གཞས་འདི་ལས་གཅིག་ཏུ། འཛམ་གླིང་རིལ་པོའི་ཡང་རྩེར་ཆགས་པའི་སྒང་པ་བོད་ཀྱི་རི་ཆུ་ནགས་གསུམ་གྱི་གཙོས། སྲོག་ལྡན་ཡོངས་ཀྱི་འཚོ་གནས་ལ་གནོད་པ་མི་བཟོ་ཆེད།  མི་རེ་ངོ་རེ་ལ་ཁོར་ཡུག་སྲུང་སྐྱོབ་དགོས་པའི་འདུ་ཤེས་སད་སངས་ཡོང་བར་རེ་འབོད་བྱས་ཡོད་པ་དང་། གཉིས་སུ་མི་རིགས་ཀྱི་སྲོལ་རྒྱུན་ཡག་པོ་དང་བཟང་པོའི་སྤྱོད་པ་དག་ང་ཚོས་མུ་མཐུད་དུ་འཛིན་སྐྱོང་དགོས་པའི་རེ་འབོད་བྱས་ཡོད།

གཞན་ཡང་། ཟེར་སྡེར་འདིའི་གཞས་ཁ་ཤས་ལ་གླུ་མ་རང་གིས་གདངས་སྦྱར་ཡོད་ཅིང་། སྙན་མོ་ངག་གི་འགྱུར་ཁུག་དང་ལང་ཚོའི་གར་གྱི་སྟངས་སྟབས་བསྡེབས་ཡོད་པ་ཞིག་ཡིན་ ན། འདི་ཉིད་གཟིགས་མོ་པ་རྣམས་ཀྱི་སྙན་དབང་གསོ་བའི་བདུད་རྩི་རུ་འགྲོ་བའི་རེ་བ་ཡོད་ལ། དེ་ལྟར་ཡོང་བའི་གདེང་སྤོབས་ཀྱང་གླུ་མ་ཁོ་མོར་ཡོད་ཚོད་རེད།

     དེར་མ་ཟད། བོད་ཀྱི་གླུ་སྟེགས་སུ་རང་ཉིད་ལ་གོ་ས་མི་དམན་པ་འདི་འདྲ་ཐོབ་པ་ནི། བོད་མི་མང་གི་རྒྱབ་སྐྱོར་དང་དགའ་མོས་ལས་བྱུང་བ་ཡིན། ད་རེས་གོ་སྐབས་བཟང་པོ་འདི་སྤྱད་དེ། གུས་མོས་རང་རིགས་སྤུན་ཟླ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས། གླུ་མ་རང་ཉིད་ཀྱིས་བཤད་ཀྱི་འདུག་ན། འདིར་ཡང་རེ་འབྲས་དོན་སྨིན་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད།

ཁ་པར། 18111311118

15593068888

18081960926


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/11/5 བལྟ་ཀློག (24910)