བྱང་ཆུབ་ལམ་རིམ་ཆེན་མོ་ཀློག་འདོན་སྒྲ་སྒམ།

དེ་ཡང་ས་གསུམ་གྱི་སྒྲོན་མེ་༼ བྱང་ཆུབ་ལམ་རིམ་ཆེན་མོ ༽འདི་ཉིད་མཛད་པ་པོ་༧ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ཡིན་ལ།  ཁོང་ནི་སྤྱི་ལོ་༡༣༥༧ལོར་སྐུ་བལྟམས།   དགུང་ལོ་ཞེ་དྲུག་པ་ཆུ་ཕོ་སྟེ་སྤྱི་ལོ་༡༤༠༢ལོར་བསྟན་པའི་ཚངས་ཐིག་བྱང་ཆུབ་ལམ་རིམ་ཆེན་མོ་འདི་ཉིད་ལྗགས་རྩོམ་གནང་།    སྙིགས་མའི་དུས་འདིར་རྒྱལ་ཀུན་བགྲོད་པའི་ལམ་མཆོག་བྱང་ཆུབ་ལམ་རིམ་མོ་འདི་ཉིད་རྒྱ་ཆེའི་དད་ལྡན་དམངས་ཚོགས་ཀྱི་དགོས་མཁོ་བཞིན་དཔལ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་སྤྲུལ་འཇིགས་མེད་བློ་གྲོས་མཆོག་གིས་ཞལ་འདོན་མཛད་པའི་སྒྲ་སྒམ་སྤུས་ལེགས་ཤིག་འཚོང་རྒྱུར་ཐོན་ཡོད་ལ།  ད་དུང་སྡིག་བཤགས་གསེར་གྱི་སྤུ་གྲི་དང་།  མནའ་བཤགས་རིན་ཆེན་ཕྲེང་བ།  སྨོན་ལམ་ཆ་ལྔ་དང་དེའི་ཕན་ཡོན།  བར་དོ་འཕྲང་སྒྲོལ།  འབུམ་ལྔའི་གཟུངས་སོགས་དཀྱུས་གཅིག་ཏུ་སྒྲ་སྒམ་དུ་བཞུགས་ཤིང་འབྲི་ཀློག་ཐོས་པའི་དགེ་ཚོགས་ཀྱིས་མཐའ་ཡས་པའི་གདུལ་བྱ་མ་སྨིན་པ་རྣམས་སྨིན་པ་དང་།  སྨིན་པ་རྣམས་གྲོལ་བ།  གྲོལ་བ་རྣམས་མཐར་ཕྱིན་པའི་རྒྱུར་གྱུར་ཅིག་གུ། །

ས་གནས།   རྔ་བ།

འབྲེལ་གཏུག་ཁ་པར།    ༡༣༥༥༡༦༥༦༦༡༧

བྱང་ཆུབ་ལམ་རིམ་ཆེན་མོ་ཀློག་འདོན་སྒྲ་སྒམ་ཉོ་བར་དགའ་བསུ་ཞུ།


རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2014/12/30 བལྟ་ཀློག (24921)