དགོན་སྡེའི་ཁྲོད་ཀྱི་མར་ཚོན།

      བོད་ཀྱི་དགོན་སྡེའི་ཁྲོད་དུ་ཚོན་མར་གྱི་ལག་ཤེས་མ་དར་བའི་ཡར་སྔོན་ནི་སུས་ཀྱང་ཚིག་ཐག་ཆོད་པ་ཞིག་བཤད་དུ་མི་བཏུབ་ཀྱང་།  ལག་ཤེས་རི་མོ་འདི་སྔར་བོད་དུ་ནང་ཆོས་དར་བ་ནས་བཟུང་ལྷ་རྫས་མཚོན་བྱེད་དུ་མཆོད་པའི་ཡོ་བྱད་ལ་བཟོ་འགོད་བྱས་ནས་ད་བར་དུ་མདོ་དབུས་ཁམས་གསུམ་གྱི་དགོན་པ་སོ་སོས་ཡུལ་ལུང་དམངས་ཁྲོད་ཀྱི་མཛེས་པའི་ཆ་ཐམས་ཅད་མར་ཚོན་དུ་བཟོས་ནས་དཀོན་མཆོག་གི་ཞིང་སར་མཆོད་པའི་རྫས་མཆོག་ཏུ་གྱུར་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ལ། ལྷག་ཏུ་དགོན་པའི་ཆོ་ག་དང་དེའི་གཏོར་མ་བཅའ་བཟོ་སོགས་ཀྱི་རྒྱན་དུའང་མེད་དུ་མི་རུང་བ་ནི་མར་ཚོན་ཡིན་སྟབས་མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེའི་ཁྲོད་དུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་མོད། དེང་སང་འགྱིག་གིས་བཟོས་པའི་མཆོད་པའི་རྫས་མང་བོ་ཡོད་པར་སྟབས་བདེ་འགྲོ་བཞིན་ཡོད་པས་ཉམས་རྒུད་དུ་འགྲོ་བ་ཨེ་ཡིན་སྙམ། སྤྱིར་དངོས་པོ་གང་ཞིག་ཡིན་རུང་ཉམས་རྒུད་དུ་འགྲོ་བཞིན་ཡོད་པར་དངོས་པོའི་ཆོས་ཉིད་རེད། འོན་ཀྱང་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་དགོན་སྡེའི་ཁྲོད་དུ་དར་སྲོལ་ཆེན་པོ་བྱུང་ཡོད་པ་དང་། སྔར་ནས་བཀྲ་ཤིས་རྫས་བརྒྱད། བཀྲ་ཤིས་རྟགས་བརྒྱད་སོགས་འབྲི་སྲོལ་ཡོད་པས་ངེད་ཅག་གིས་ཀྱང་གདོད་མ་བོད་ཀྱི་སྲོལ་རྒྱུན་ཞིག་དང་། རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་རིག་པའི་ཁོངས་ཡིན་པར་ངོས་འཛིན་བྱས་ཏེ་ ཕྱི་ལོ་ ༢༠༡༥ ཟླ༢ ཚེས་གཉིས་དང་གསུམ་གཉིས་ལ་སྟོང་སྐོར་དགོན་དུའང་འགྱིག་གིས་བཟོས་པའི་མར་ཚོན་མེད་པར་བཟོས་ཏེ་སྲོལ་རྒྱུན་མར་ཚོན་མི་ཉམས་རྒྱུན་འཛིན་བྱེད་བཞིན་པ་དེ་རེད། གསར་འགོད་པ་བློ་སྦྱིན་གྱིས།

དགོན་སྡེའི་ཁྲོད་ཀྱི་མར་ཚོན་ལག་ཤེས།

མར་ཚོན་གྱི་ལག་ཤེས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/2/4 བལྟ་ཀློག (6303)