མགར་དཀོན་མཆོག་དང་དམངས་ཕན་རོགས་སྐྱོར་བྱ་འགུལ།

དམངས་ཕན་ལག་རོགས་ཐེབས་རྩ་ཚོགས་པ།

དམངས་ཕན་རོགས་སྐྱོར་ཁག་དང་བོ།

      མགར་དཀོན་མཆོག་ནི་དམངས་ཕན་ལག་རོགས་ཐེབས་རྩ་ཚོགས་པའི་ཚོགས་མི་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་དང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་སོགས་ཀྱི་ས་གནས་རོགས་སྐྱོར་འགན་འཛིན་པ་ཡིན་སྟབས་ཀན་ལྷོ་ཁུལ་གྱི་ཀླུ་ཆུ་རྫོང་དང་བསང་ཆུ་རྫོང་།  རྨ་ཆུ་རྫོང་སོགས་དང་།  སི་ཁྲོན་མཛོད་དགེ་རྫོང་སོགས་ཞིང་ཆེན་གཉིས་ཀྱི་དབུལ་སྐྱོར་སློབ་མ་༡༥༠ལྷག་གི་སློབ་གྲྭར་འགྲོ་བའི་དཀའ་ཁག་ལ་རོགས་སྐྱོར་བྱས་པའི་སྐོར་ངེད་དྲ་བས་བདམས་བཀོད་བྱས་ཡོད།

      རྒྱུས་ལོན་བྱས་པ་ལྟར་ན་ཀན་སུའུ་དང་སི་ཁྲོན་གྱི་དབུལ་སྐྱོར་སློབ་མ་ལས་སྒོར་༡༢༠༠ཅན་གྱི་སློབ་མ༦༠བདམས་ཐོན་བྱུང་བར་སྒོར་༧༢༠༠༠ཀྱིས་རོགས་སྐྱོར་བྱས་པ་དང་།  སྒོར་༢༠༠༠ཅན་གྱི་སློབ་མ་༣༠བདམས་ཐོན་བྱུང་བར་སྒོར་༦༠༠༠༠གིས་རོགས་སྐྱོར་བྱས།  སྒོར་༡༠༠༠ཅན་གྱི་སློབ་མ་༧༠བདམས་ཐོན་བྱུང་བར་སྒོར་༤༠༠༠༠ཡིས་རོགས་སྐྱོར་བྱས་འདུག་པར་མ་ཟད། ས་གནས་ཀྱི་རྒན་གསོ་ཁང་དང་སློབ་མ་གོས་ངན་ལྷམ་ཧྲུལ་ཅན་མང་དག་ཅིག་ལ་སྒོར་ཁྲི་༣༠ལྷག་གིས་རོགས་སྐྱོར་བྱས་པ་ལས་ཁག་དང་བོའི་སྐོར་འདིར་བཀོད་པའོ། །

       མགར་གྱི་གཞན་ཕན་རོགས་སྒྲུབ་ཀྱི་ཚོགས་མི་མགར་དཀོན་མཆོག་ལགས་ཀྱིས་རྒྱལ་ཡོངས་དམངས་ཕན་ལག་རོགས་ཐེབས་རྩ་ཚོགས་པ་དང་ལྷན་དུ་བོད་ཀྱི་དྭ་ཕྲུག་དང་དབུལ་སྐྱོར་སློབ་མ།  ད་དུང་རྒན་རྒོན་བདག་མེད་སོགས་ལ་་གཞན་ཕན་གྱི་ཕྱག་ལས་མང་བོ་གནང་བཞིན་པར་ངེད་བཙན་པོའི་མགར་གྱི་དྲ་བས་བཀའ་དྲིན་ཆེ་ཞུ་བ་མ་ཟད་རོགས་སྐྱོར་ཐོབ་པའི་སློབ་མ་དང་དམངས་ཚོགས་ཚང་མའི་ཚབ་བྱས་ཏེ་མགར་དཀོན་མཆོག་ལགས་ཀྱི་སྐུ་ལུས་བདེ་ཐང་དང་ཐུགས་བཞེད་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཅས།

བཙན་པོའི་མགར་གྱི་དྲ་བས།

༢༠༡༥ལོའི་ཟླ་༢པའི་ཚེས་༡༤ཉིན།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/2/14 བལྟ་ཀློག (32488)