རྔ་ཡུལ་ཁཱ་ཤཱི་གཡང་སྡེ་ཕྱུག་མོ།

    ༄༅། །དེ་ཡང་རྔ་ཡུལ་གསེར་ལྡན་ལྗོངས་ཀྱི་མ་ཧཱ་འཁོར་ལོ་སྡོམ་པའི་གནས་མཆོག་ཏུ་གྲགས་ཤིང་ཀླུ་རྒྱལ་གཙུག་ན་རིན་ཆེན་དང་ཀླུ་རྒྱལ་ཝ་རུ་ཎ། ཀླུ་རྒྱལ་མཐའ་ཡས་འཇོག་པོ་ལ་སོགས་པས་དངོས་གྲུབ་འཇོ་ཞིང་སྐྱེས་ཆེན་དམ་པས་བྱིན་གྱིས་བརླབས་པའི་གནས་མཆོག་ན་འཚོ་ཞིང་གཞེས་པའི་ཁཱ་ཤཱི་གཡང་སྡེ་ཕྱུག་མོའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་རྣམས་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བའི་བཀྲ་ཤིས་རྟེན་འབྲེལ་བླ་མེད་འཛོམས་བཞིན་པར་ཁོ་བོ་དགའ་བས་བརྟས་ཤིང་བོད་ཤིང་ལུག་ལོའི་ཁཱ་ཤཱི་སྡེ་བའི་རྒན་པ་ཚེ་ཐག་རིང་བ་ལོ་༨༠ནས་ལོ་༩༠ལྷག་ལ་སོན་པ་སྐོར་ཞིག་གི་མཚན་བྱང་འདིར་འགོད་པར་བྱ་ན་སུ་ཞིག་གིས་འདི་མཐོང་ཚེ་རྒན་པ་འདི་དག་ནད་མེད་ཚེ་རིང་ཡོང་བར་དཀོན་མཆོག་ལ་སྐྱབས་འཇུག་དང་སྔར་སྲོལ་བཞིན་དུ་རྒན་པ་རྣམས་ལ་གུས་བཀུར་དང་གཞོན་པ་རྣམས་བྱམས་ཀྱིས་སྐྱོང་བའི་བོད་མིའི་ཡ་རབས་སྤྱོད་བཟང་མ་ཉམས་རྒྱུན་འཛིན་གནང་རོགས་ཞུ་ཞེས་ཁཱ་ཤེས་རབ་རྒྱ་མཚོས་ཚིག་འཁྲི་ཙམ་ལ་མགོ་བོ་འཁོར་བ་རིང་དུ་དོར་ཏེ་རང་གི་མཐའ་འཁོར་གྱི་སྲོལ་རྒྱུན་བཟང་བོ་དག་ལ་ཕྱིར་མིག་རེ་འཕང་བའི་ཁྲོད་རང་ཉིད་བོད་མི་ཞིག་ཏུ་སྐྱེས་པའང་བསོད་ནམས་ཆེན་པོ་རེད་ཅེས་ཉིན་ཐོ་ཞིག་གི་ཚུལ་དུ་འདི་དག་སྐྱེས་སུ་ཕུལ་ཡོད།

བོན་རྒན་སང་། ཚུལ་མཚོ་ལོ་༩༥ཡིན།

འབུར་སང་།  ཚེ་རིས་ལོ་༩༤ཡིན།

 སྒོ་སྔུན་སང་། ཨ་དཀར་ལོ་༨༨ཡིན།

ཁཱ་ཤཱི་སང་། ཏིང་འཛིན་སྐྱིད་ལོ་༨༦ཡིན།

མ་བདེ།  ལོ་༨༦ ཡིན།

ལྟག་ག་སང་། ཞེས་པུག་ལོ་༨༥ཡིན།

མགོ་སང་། ཅེ་མ་ལོ༨༥ཡིན།

བ་འགབ་སང་། སིདྡྷི་སྐྱིད་ལོ་༨༥ཡིན།

མཚམས་རིང་སང་། གོས་དཀར་ལོ༨༤ཡིན།

ལྟག་རོང་སང་།  སྒྲོན་དཀར་སྐྱིད་ལོ་༨༤ ཡིན།

དགེ་བ་སང་། དབྱིག་གཉེན་ལོ་༨༣ཡིན།

འབྲོག་པ་སང་། ཉ་ཉོ་ལོ་༨༣ཡིན།

ཁང་རྒན་སང་། རིག་སྒྲོན་ལོ་༨༣ཡིན།

མཚོ་སང་།  ལེགས་བཤད་ལོ༨༢ཡིན།

རི་བ་སང་། སྦྱིན་པ་ལོ་༨༡ཡིན།

བར་སྐོར་སང་། ལུང་རིག་ལོ༨༡ཡིན།

གྲོང་སྨད་སང་། ཚེ་སྐྱིད་ལོ༨༡ཡིན།

བདེ་གསར་སང་། འཇམ་དབྱངས་སྒྲོན་ལོ་༨༠ཡིན།

ངང་བ་སང་། ཚེ་སྒྲོན་ལོ་༨༠ཡིན།

གུ་གྲགས་སང་། གསེར་ལྡན་ལོ་༨༠ཡིན།


མི་ལ་ཚེ་ཡི་བཀྲ་ཤིས་ཤོག །ཕྱུགས་ལ་གཡང་གི་བཀྲ་ཤིས་ཤོག །ཟས་ལ་བཅུད་ཀྱི་བཀྲ་ཤིས་ཤོག།།བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །



ཁཱ་ཤཱིའི་གཏེར་བདག་རྡོ་རྗེ་དགྲ་འདུལ་དང་འོག་ཏུ་འབབ་པ་སྨན་གྱི་གྲིབ་ཆུ།

འབྲུ་དྲུག་ལོ་ལེགས་འབྱུང་སའི་རྔ་ཡུལ་ཁཱ་ཤཱི་སྡེ་བ།

སྨུག་སྤྲིན་གྱིས་བཟུང་བའི་ཁཱ་ཤཱི་དགོན་གྲོང་གི་རྣམ་པ།

གནམ་སྔོན་ས་ལ་འཕོས་པ་ལྟ་བུའི་ཁཱ་ཤཱིའི་རུ་རུ་ཐང་ཆེན།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/3/12 བལྟ་ཀློག (14613)