ཉེན་ཁའི་བརྡ་སྦྱོར།

བརྡ་སྦྱོར་འདི་རོང་འབྲོག་དམངས་ཚོགས་ལ་གསལ་བཤད་དང་ཀུན་གྱིས་བརྒྱུད་བསྐུར་བྱེད་རོགས།

      ཁ་སང་དེ་རིང་བོད་ཀྱི་ས་ཁུལ་མང་བོ་ཞིག་ན་སྔོན་གྱི་དམངས་ཁྲོད་སྨན་པ་ཟེར་བའི་སོ་འཛུགས་སྨན་པ་སོགས་རོང་འབྲོག་གཉིས་ཆ་ན་ཡོད་ལ་ལྷག་ཏུ་དགོན་སྡེ་སོགས་རོང་འབྲོག་འདུས་སྡོད་མང་སའི་ལམ་ཁ་དག་ན་སོ་འཛུགས་པ་དང་སོ་སྨན་སྟེར་བ་སོགས་ཀྱི་སྨན་པ་ཡོད་པ་ནི་མང་ཆེ་བ་རྫུན་མ་ཡིན་པས་ནད་རིགས་ཚབས་ཆེན་འགོས་བཞིན་ཡོད་ཟེར།  རྒྱུན་དུ་ལུས་དྲོ་གྲང་མི་སྙོམས་པ་དང་། མི་གཙང་བའི་རྡུལ་སྣ་སྒོར་ཤོར་བ། གྲེ་ཆམ་བྱུང་བ།  སྣ་ཆམ་སོགས་གློ་བུར་གློ་བུར་དུ་ཆམ་པ་ན་ནས་གློ་རྒྱག་པ་སོགས་ཀྱང་དུག་སེལ་མི་བྱ་བའི་སྨན་ཆས་ལས་ཕན་ཚུན་ལ་གཅིག་ནས་གཅིག་ཏུ་བརྒྱུད་དེ་མཆེད་པའི་ནད་ཡིན་པར་མ་ཟད་བཅོས་ཐབས་དཀའ་བའི་ཨ་ཛིའི་རིགས་ཀྱང་དུག་སེལ་མི་བྱ་བའི་ཁབ་རིགས་སོགས་ལས་མྱུར་དལ་གང་རུང་ངང་འགོས་སྲིད་པ་ཚན་རིག་པས་ར་སྤྲོད་བྱས་ཡོད་པ་བཞིན།   རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ད་ནས་བཟུང་སྐོར་ལམ་སོགས་ཀྱི་སོ་ནད་སྨན་པ་དེ་དག་ལས་སོ་འཛུགས་པ་དང་སོ་སྨན་མི་བསྟེན་པར་ཡུལ་ཚོའི་འཕྲོད་བསྟེན་ཁང་དང་།  རྫོང་དང་ཁུལ་སྨན་ཁང་སོགས་སུ་སོ་ནད་ཚན་ཁག་ཡོད་པ་ལས་བསྟེན་དགོས།  གལ་ཏེ་སོ་ནད་སྨན་པའམ་སོ་འཛུགས་སྨན་པ་སོགས་དང་འཕྲད་ཚེ་དེ་ལ་སྨན་པའི་ཕྱག་འཁྱེར་ཡོད་མེད་དང་བདེན་རྫུན་གསལ་བོ་རྒྱུས་ལོན་བྱ་དགོས་པ་ལས་གང་འདོད་དུ་ལྭ་དཀར་གྱོན་ཚད་ཚང་མར་བསྟེན་ན་རང་གི་ཚེ་སྲོག་ཀྱང་ཤོར་ཉེན་ཤིན་ཏུ་ཆེ།  དེ་བས་བརྡ་སྦྱོར་འདི་རོང་འབྲོག་དམངས་ཚོགས་ལ་གསལ་བཤད་དང་ཀུན་གྱིས་བརྒྱུད་བསྐུར་བྱེད་རྒྱུ་བཀའ་དྲིན་མ་ཆུང་ཞུས་པ་ལགས།

      རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་སོ་སྨན་པས་སྨན་ཆས་དག་དུག་སེལ་བྱེད་ཀྱིན་མི་འདུག་ལ། ཆང་བཅུད་དམ་བུའང་སྟོང་པ་རེད་འདུག་ཅེས་ཨེ་འགོག་ཆེད་མཁས་པ་རྒན་ཆོས་དཔལ་བཟང་བོ་སོགས་སྐབས་གསུམ་པའི་མདོ་ཁམས་ཡུལ་དུ་བསྐྱོད་པའི་ཨེ་འགོག་བྱེད་སྒོའི་ལེ་དབར་ཁྲི་ཕྲག་ལས་རང་འདུན་པ་སྒྲོལ་མ་མཚོས་སྟོན་བཞིན་པའི་རྣམ་པ།

དུག་སེལ་མ་བྱས་པའི་སྨན་ཆས་ནི་བསྟེན་དུ་མི་རུང་བའི་ཚེ་སྲོག་གི་གཤེད་མ་ཞིག་དང་འདྲ།

གཞན་གྱི་ནད་རིགས་འགོས་སླ་བའི་སྨན་ཆས་འདི་དག་བཀོལ་ན་ནད་རྟགས་ནི་སྣ་འཚུབ་པ། མིད་པ་ན་བ། མགོ་ན་བ། ལུས་ལ་ཚ་བ་རྒྱས་པ། གློ་ལུ་བྱེད་པ། སྣ་བྲིད་བྱེད་པ་བཅས་ཡིན་ལ་ལྷག་ཏུ་ཉེན་ཚབས་ཆེ་ཞིང་ཤི་ཚད་མཐོ་བའི་འགོ་ནད་ཨེ་ཛིའི་ནད་ཀྱང་འགོས་སླ་བས།   ད་ནས་བཟུང་བོད་རིགས་སྤུན་ཟླ་ཡོངས་ཀྱིས་དུག་སེལ་མི་བྱ་བའི་སྨན་ཆས་གཏན་འགོག་དང་སྨན་གྱི་དུས་ཚོད་ཡོལ་བ་དང་སྨན་པ་རྫུན་མ་སོགས་དང་འཕྲད་ཚེ་རྫོང་འཕྲོད་བསྟེན་ཁང་དང་སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱ་དགོས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/4/11 བལྟ་ཀློག (29854)