ཀྲོའུ་ཡོང་ཁང་ལ་ཚེ་བཙོན་གྱི་ཉེས་ཆད་བཅད་པ།

ཀྲོའུ་ཡོང་ཁང་ལ་ཚེ་བཙོན་གྱི་ཉེས་ཆད་བཅད་པ།

    015ལོའི་ཟླ་6པའི་ཚེས11ཉིན་ཐེན་ཅིན་གྲོང་ཁྱེར་གྱི་འབྲིང་རིམ་ཁྲིམས་ཁང་དང་པོས་འདྲི་གཅད་རིམ་པ་དང་པོའི་ཐོག་ཀྲོས་ཡོང་ཁང་ལ་ལྐོག་ངན་གསུག་ཟ་དང་དབང་ཆ་གང་བྱུང་དུ་སྤྱོད་པ།   བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བཏོན་པ་སོགས་ཀྱི་ཉེས་སྤྱོད་ལ་ཉེས་ཆད་བཅད་འདུག   ཀྲོའུ་ཡོང་ཁང་གིས་ལྐོག་ངན་གསུག་ཟ་བྱས་པར་ཚེ་བཙོན་དང་ཚེ་གང་བོར་ཆབ་སྲིད་ཀྱི་བདག་དབང་འཕྲོག་པ་མ་ཟད་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བྱེད་རྒྱུ་ཐག་གིས་བཅད།    དབང་ཆ་གང་བྱུང་དུ་སྤྱད་པར་ལོ་བདུན་གྱི་དུས་བཙོན་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བཏོན་པའི་ཉེས་པར་ལོ་བཞིའི་དུས་བཙོན་བཅས་ཉེས་ཆད་གཅོད་རྒྱུ་ཐག་གིས་བཅད།   ཀྲོའུ་ཡོང་ཁང་གིས་ལྐོག་ངན་གསུག་ཟ་བྱས་པའི་དམངས་སྒོར་གྱི་སྡོམ་འབོར་ཏུང་ཕྱིར1.29772113ཙམ་ལ་སླེབས་ཡོད་པ་རེད།

གསར་འགོད་པ།  རྔ་བ་བསོད་རྡོར་གྱིས་བསྒྱུར།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/6/14 བལྟ་ཀློག (8462)