གནམ་གྲུ་MH370རྟགས་ཅན་གྱི་ཆག་རོ་རྙེད་པ།

ཞིན་ཧྭ་གསར་འགྱུར་ཁང་དང་མི་དམངས་ཉིན་རེའི་ཚགས་པར་ཁང་སོགས་ནས་བསྒྲགས་པ་ལྟར་ན།  

      ༤༠༡༤ལོའི་ཟླ་༣པའི་ཚེས་༨ཉིན་མ་ལེ་ཞི་ཡའི་རྒྱལ་ས་ཅེ་ལུང་ཕོ་ནས་ཀྲུང་གོའི་རྒྱལ་ས་པེ་ཅིང་ལ་འཕུར་བའི་གནམ་གྲུ་MH370རྟགས་ཅན།   ནང་དུ་མི་༢༣༩ཡོད་པ་ཞིག་མཁའ་ལམ་ནས་བོར་ཏེ་ཉིན་༥༡༥འགོར་བའི་རྗེས་ཀྱི་དེ་རིང་ཚེས་༦ཉིན་མ་ལེ་ཞི་ཡའི་ཙུང་ལི་ནཱ་ཅི་པོ་ཡིས་གནམ་གྲུ་དེའི་ཆག་རོ་དག་ཧྥ་རན་སིའི་ཁོངས་གཏོགས་གླིང་ཕྲན་ལུའུ་ནེ་ཝང་གི་ཐོག་ནས་རྙེད་ཡོད་པ་གསལ་བསྒྲགས་བྱས་སོང་།   རྒྱལ་སྤྱིའི་ཆེད་མཁས་པའི་བརྟག་དཔྱད་བྱས་ཏེ་MH370རྟགས་ཅན་གྱི་གནམ་གྲུ་དེ་ཡིན་པ་ཐག་བཅད་འདུག


རྩོམ་སྒྲིག་པ།  ཆར་བ།  སྤེལ་དུས། 2015/8/6 བལྟ་ཀློག (4085)