ཧིན་རྡུ་ཉི་ཞི་ཡའི་མཚོ་ཁོངས་ནས་ཉ་གྲུ་6འགས་གཏོར་བྱས་འདུག

ཧིན་རྡུ་ཉི་ཞི་ཡའི་ཡའི་མཚོ་ཁོངས་ནས་ཉ་གྲུ་6འགས་གཏོར་བྱས་འདུག


      ཧིན་རྡུ་ཉི་ཞི་ཡའི་ཡ་ཅ་ཏྰའི་ཡིག་ཟམ་ལྟར་ན་ས་དེའི་ཟླ10ཚེས་31ཉིན་ཧིན་རྡུ་ཉི་ཞི་ཡའི་མཚོ་དམག་གིས་པྰ་ཏན་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཕྱི་ཕྱོགས་ནས་ཡོང་བའི་ཉ་གྲུ་6འགས་གཏོར་བྱས་འདུག་ལ་ཤེས་གསལ་ལྟར་ན་ཉ་གྲུ་དེ་དག་ཝེ་ཐི་ནམ་(越南)ས་ཁོངས་ནས་ཡོང་བ་རེད་ཟེར།

     ལས་དོན་འདིའི་འགན་ཁུར་བའི་མཚོ་དམག་གི་མགྲིན་ཚབ་པས་བཤད་དོན།  ཉ་གྲུ་དང་ཉ་བ་འདི་དག་གིས་ཧིན་རྡུ་ཉི་ཞི་ཡའི་མཚོ་ཁོངས་སུ་ཁྲོམས་འགལ་གྱིས་ཉ་བཟུང་བས་ད་ལྟ་ཁྲིམས་མཐུན་གྱིས་བཀག་སྐྱིལ་བྱས་ཡོད་པ་མ་ཟད་ཧིན་རྡུ་ཉི་ཞི་ཡའི་ཁྲིམས་ཁང་གིས་ཁོ་ཚོར་ཉ་རྐུ་འཁྱེར་བྱས་པའི་ཉེས་མིང་བཏགས་འདུག་ཟེར།

     མིག་སྔར་ཧིན་རྡུ་ཉི་ཞི་ཡའིམཚོ་དམག་གིས་ས་དེའི་བྱང་རྒྱུད་ཀྱི་མཚོ་ཁོངས་སུ་ཚོར་བ་སྐྱེན་པོ་ཞེས་པའི་བདེ་འཇགས་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་ལ་ལས་འགུལ་དེས་ཕྱིའི་རྒྱལ་ཁབ་ནས་ཡོང་བའི་ཁྲིམས་འགལ་གྱིས་ཉ་འཛིན་པ་སོགས་ཁྲིམས་འགལ་གྱི་ལས་འགུལ་ཇེ་ཉུང་དུ་ཕྱིན་འདུག


     སྡོམ་རྩིས་བྱས་པ་ལྟར་ན།   ད་ལྟའི་སྲིད་འཛིན་ཙོ་ཁི་ཝེ་ཏོ་ཏོས་སྲིད་བཟུང་བ་ནས་ད་ལྟའི་བར་དུ་ཕྱིའི་རྒྱལ་ཁབ་ནས་ཡོང་བའི་ཁྲིམས་མིན་གྱི་ཉ་འཛིན་མཁན་གྱི་གྲུ་106འགས་གཏོར་བྱས་འདུག   ཉ་གྲུ་དེ་དག་ལས་ཕལ་ཆེར་ནི་ཝེ་ཐི་ནམ་དང་ཧྥེ་ལི་ཕེན།ཐྲེ་ལན(泰国)ཀྲུང་གོ་སོགས་ནས་ཡོང་འདུག་ཟེར།

གསར་འགོད་པ།  རྔ་བ་བསོད་རྡོར།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/11/4 བལྟ་ཀློག (4362)