མི་ཉག་དབང་མཚོའི་གླུ་གཞས་ཆེད་བསྒྲིགས་རྨི་ལམ་ཞེས་པ་ལེགས་འགྲུབ་བྱུང་།


རྒྱ་ཆེ་བའི་བོད་མི་སྤུན་ཟླ་ལྷན་རྒྱས་ལུས་ལ་ན་བ་མེད་ཅིང་སྐུ་བསོད་ལྷུན་གྱིས་འགྲུབ་པའི་འཚམ་འདྲི་ཞུ །

      ཆིག་དགུ་གོ་གཅིག་ལོའི་ཟླ་གསུམ་པའི་ཚེས་གཅིག་གི་ནངས་མོར།  སི་ཁྲོན་དཀར་མཛེས་ས་ཡི་ལེ་ལག་ཏུ་གྱུར་བའི་མི་ཉག་གནས་མཆོག་ཡུལ་ནས་གཅེས་པའི་བུས་པ་ཞིག་ས་དོག་མོའི་མཐིལ་ལ་འབྱོར་ཞིང་ཁོ་མོའི་མིང་ལ་དབང་མཚོ་ཞེས་བཏགས།   སྡེ་བའི་བྱིས་པ་གཞན་དག་དང་འདྲ་བར་ནར་སོན་སྟོང་གི་ལོ་ཟླའི་བང་རིམ་བརྒལ་ཏེ་རང་ས་གནས་ཀྱི་སློབ་ཆུང་དང་དམའ་འབྲིང་།  ཆེད་སྦྱོང་གསོ་རིག་སློབ་གྲྭ་སོགས་ནས་སློབ་སྦྱོང་གི་གོ་རིམ་བདེ་བླག་གིས་མཐར་ཕྱིན་ལ་ལྷག་པར་རང་ཉིད་ཀྱི་འདོད་འདུན་དང་ཁྱད་ནུས་ཀྱི་ཡོན་ཏན་མ་དོར་བར་གླུ་ངག་སྒྱུ་རྩལ་ལ་ཧུར་བརྩོན་གྱིས་ཞུགས།   སུ་དང་གང་གི་བློ་ཡི་ངོགས་ན་བརྗེད་ཐབས་བྲལ་བའི་ཁོ་མོའི་བདེ་མོ་ངག་དང་སྙན་པའི་གདངས་ཀྱི་གཞས་གང་མང་ཞིག་གིས་རིགས་མཐུན་ཡོངས་ཀྱི་རྣ་བའི་བུ་ག་སྙན་པར་མ་གསོས་པའི་དུས་གཏན་ཏུ་མེད།   བོད་ཕ་སྐད་ཀྱི་སྙིང་བོ་གླུ་རུ་ལེན་པའི་གཞས་མ་ཁོ་མོར་མཚོན་ན་གཞན་དང་མི་མཐུན་པའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པར་མ་ཟད་ཀུན་ལ་བཀུར་ཞིང་བརྩེ་བའི་ཞི་དུལ་གྱི་བྱ་སྤྱོད་ལྷུན་ཆགས་ཤིག་ཀྱང་ཡོད་ལ་དུས་རྒྱུན་སྡེ་མི་རྒན་གཞོན་ཡོངས་ནས་བསྟོད་པའི་མཐེ་བོང་ཀེར་ས་ཞིག་ཏུ་གྱུར་ཡོད།   ད་ཐེངས་མི་ཉག་བུ་མོ་དབང་མཚོས་མི་ལོ་མང་བོའི་སྒྱུ་རྩལ་འཚོལ་སྙེག་གི་ལམ་བུ་ལས་རྙེད་པའི་བོད་གཞས་དག་མ་སྐོར་ཞིག་རིགས་མཐུན་སྤུན་ཟླའི་མིག་གི་དགའ་སྟོན་དང་རྣ་བའི་ཟས་སུ་འབུལ་རྒྱུ་ཡིན་པས་ཁྱེད་ཅག་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་དང་རྒྱབ་སྐྱོར་རེ་གནང་རྒྱུ་ཤིན་ཏུ་བཀའ་དྲིན་ཆེ།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2015/11/19 བལྟ་ཀློག (12152)