ཁ་སང་སའི་གོ་ལའི་ཆུ་ཚོད་གཅིག་ཅེས་པའི་གོ་ལ་སྲུང་སྐྱོབ་ཀྱི་བྱ་འགུལ་གང་སར་སྤེལ་འདུག

    

    དེ་ཡང་རྒྱལ་སྤྱིའི་སྟེང་གཏན་འཁེལ་ལྟར་ད་ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་དགུའི་ཉིན་འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོ་ན་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་དགུ་དང་ཕྱེད་ཀའི་བར་གློག་གཟིམས་ཏེ་གྲོན་ཆུང་བྱེད་པའི་བྱ་འགུལ་སྤེལ་བཞིན་འདུག

      ལོ་རེའི་སྤྱི་ཟླ་གསུམ་པའི་གཟའ་སྤེན་པ་མཇུག་ཤོས་དེ་ནི་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་༢༠༠༧ལོ་ནས་སྤེལ་བའི་སའི་གོ་ལའི་ཆུ་ཚོད་གཅིག་(Earth Hour)ཅེས་པའི་གློག་སྒོ་བརྒྱབ་སྟེ་གནམ་གཤིས་དྲོད་འགྱུར་ལ་སྔོན་འགོག་དང་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་ཉིན་མོ་ཡིན་པ་ལྟར། ད་ལོའི་སྤྱི་ཟླ་གསུམ་པའི་གཟའ་སྤེན་པ་མཇུག་ཤོས་ཏེ་སྤྱི་ཚེས་༡༩ཉིན་གྱི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ནས་དགུ་དང་ཕྱེད་ཀའི་བར་གྱི་ཆུ་ཚོད་གཅིག་རིང་། འཛམ་གླིང་གི་གྲོང་ཁྱེར་ཁག་༧༠༠༠ལྷག་ཙམ་ནས་ཆུ་ཚོད་གཅིག་རིང་གློག་སྒོ་རྒྱག་པའི་བྱེད་སྒོ་དེ་སྤེལ་ཏེ་འཛམ་གླིང་གི་གནམ་གཤིས་དྲོད་འགྱུར་སྔོན་འགོག་དང་ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་བཅས་ལ་མཐོང་ཆེན་བྱེད་བཞིན་པ་དང་བྱེད་དགོས་པའི་དྲན་སྐུལ་བྱས་འདུག



རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/3/20 བལྟ་ཀློག (3210)