གནས་ཆེན་ངོ་སྤྲོད་བྱེད་པའི་ཀློག་སྨྱུག་ངོ་སྤྲོད།


ཐོན་རྫས་གསར་བ་ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་གི་མཚམས་སྦྱོར་མདོར་བསྡུས།

      ཉེ་ཆར། ངེད་ལྷ་སའི་གླིང་གསར་ཆེན་མོ་བཟོ་ཚོང་ཚད་ཡོད་སྤྱི་གཉེར་ཁང་གིས་ཐོན་སྐྱེད་བྱས་པའི་ཨ་མྱེ་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་འདི། ལྷ་ས་དང་ཁྲིན་ཏུའུ། ཟི་ལིང་སོགས་ཀྱི་བརྒྱུད་ཚོང་ཁང་དང་དྲ་ལམ་ནས་རྒྱལ་ཡོངས་ཀྱི་ཁྲོམ་རར་འགྲེམ་སྤེལ་བྱས་ཡོད་པས། བོད་ཕྱི་ནང་གི་འཛད་སྤྱོད་པ་དག་གིས་ཐུགས་འཇགས་དོ་སྣང་ཡོད་པར་ཞུ།


     ཨ་མྱེས་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་ནི་བོད་ཀྱི་ཡུལ་སྐོར་ལས་རིགས་ཁྲོད་དུ་ནང་དོན་དང་ཇུས་འགོད་ཐད་ཁྱད་ཆོས་མངོན་པར་གསལ་བའི་ཐོན་རྫས་ཤིག་སྟེ། དེས་འཛད་སྤྱོད་པའི་དགོས་མཁོར་དམིགས་ཏེ་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་བོད་ཁམས་ཀྱི་གནས་ཆེན་ཁག་ངོ་སྤྲོད་མཚམས་སྦྱོར་དང་། མཇལ་སྐོར་གྱི་ལས་ལ་ཕྱོགས་སྟོན་གསལ་འབྱེད་བྱེད་པ་གཙོ་བོར་བཟུང་ཡོད། གནས་ཆེན་མཚམས་སྦྱོར་གྱི་ཁོངས་སུ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ལས་བྱུང་བ་སྔ་ཤོས་དང་། སྐད་གྲགས་ཆེ་ཤོས་ཀྱི་དགོན་པ་འདུ་ཁང་དང་། གནས་ཡུལ་འགངས་ཆེན། གཞན་མདོ་སྨད་ཕྱོགས་ཀྱི་སྐུ་འབུམ་དང་། བླ་བྲང་། གསེར་རྟ་བླ་རུང་སོགས་དགོན་གནས་གལ་ཆེན་གྱི་ངོ་སྤྲོད། དེ་མིན་ནང་སའི་ཆོས་ཀྱི་བྱིན་རླབས་གཡང་དུ་འཁྱིལ་བའི་རྒྱ་ནག་རི་བོ་རྩེ་ལྔ་དང་། གླང་ཆེན་འགྱིང་རི་སོགས་བསྡོམས་པས་གནས་ཆེན 290 ལྷག་འདུ་ཞིང་། ཞིབ་ཅིང་རྒྱས་པའི་པར་རིས་ཕྲེང་བར་སྤེལ་ཏེ། སྒྲ་དོན་གཉིས་ལྡན་གྱིས་ཡུལ་སྐོར་སྣེ་ཤན་གྱི་དགའ་སྟོན་གྱ་ནོམ་པ་ཞིག་ཕྱི་ནང་འཛད་སྤྱོད་པའི་གཟིགས་མོར་ཕུལ་ཡོད།

    བོད་ཁམས་ཕྱི་ནང་གི་གནས་ཆེན་དང་། སྐུ་རྟེན། སྲོལ་ལུགས་སོགས་ཀློག་སྨྱུག་བརྒྱུད་ནས་དོན་ཆ་ཚང་ཡང་དག་ཅིག་གཞན་ལ་ངོ་སྤྲོད་གནང་རྒྱུ་ནི་ཐོན་རྫས་འདི་ཉིད་འདོན་སྤེལ་བྱེད་པའི་དམིགས་ཡུལ་དང་ཀུན་སློང་གཙང་མ་བོ་ཡིན་ཕྱིར། གནས་བཤད་དང་། བྱུང་འཕེལ། སྲོལ་ལུགས་སྐོར་གྱི་ནང་དོན་ཐམས་ཅད་བོད་ཀྱི་ གནས་ཡིག་དང་། ཆོས་འབྱུང་དེབ་ཐེར་སོགས་ཡིག་ཚགས་ཁུངས་བཙན་ལ་གཞི་བཅོལ་ཞིང་། བོད་ཁམས་ཀྱི་ཆེད་མཁས་པ་དང་ཤེས་ཡོན་པ་དག་གི་སྤྱན་སྔར་ཕུལ་ཏེ། དགོངས་འཆར་བསྡུ་ལེན་གྱིས་མ་ཡིག་ལ་ཞུ་དག་ཁ་གསབ་ལན་མང་གནང་སྟེ་ཡང་དག་དོན་ལ་གནས་པར་བྱས་ཡོད། གཞན་ང་ཚོས་བོད་ཡུལ་ཕྱི་ནང་གི་འཛད་སྤྱོད་པའི་དགོས་མཁོར་དམིགས་ཏེ། ཀློག་སྨྱུག་གི་ནང་དུ་རྒྱ་བོད་སྐད་གཉིས་ནང་འཇུག་བྱས་ཡོད་ཅིང་། མདོ་དབུས་ཁམས་གསུམ་གྱི་བོད་པས་གོ་བདེ་བར་བསམ་ནས།   ནང་དོན་ཡང་གཅིག་གྱུར་གྱིས་ས་གནས་སོ་སོའི་མདོ་འཛིན་པ་གྲགས་ཅན་དག་གིས་དབུས་གཙང་དང་། ཨ་མདོ། ཁམས་པའི་སྐད་གསུམ་གྱི་ལམ་ནས་སྨྲ་བརྗོད་དག་གསལ་གྱིས་སྒྲ་རུ་ཕབས་ཡོད།

སྤྱིར་བཏང་གི་མཇལ་སྐོར་ཙམ་གྱིས་གནས་དེ་གའི་རིག་གནས་ཤུལ་བཞག་ལ་གོ་བ་གསལ་བོ་དང་ངེས་ཤེས་གཏིང་ཟབ་འདྲོངས་ཐབས་མེད་པས། བོད་ཁམས་དང་ནང་སའི་གནས་ཆེན་ལོ་རྒྱུས་དང་། སྐུ་རྟེན་རིན་ཐང་སོགས་ལ་ངེས་ཤེས་གསལ་བོ་བསྐྱེད་པར་ཐོན་རྫས་གསར་བ་འདིས་ཁྱོད་ལ་སྣེ་ཤན་པ་དང་མཛུབ་སྟོན་པའི་ནུས་པ་འདོན་ཐུབ་པས། ཨ་མྱེས་རྟགས་ཅན་གྱི་གནས་བཤད་ཀློག་སྨྱུག་ནི་ཁྱེད་ཅག་གི་བློ་སེམས་གཏོད་དུ་རུང་བའི་གྲོགས་དམ་པའོ།།

ཀློག་སྨྱུག་ལ་ཨ་མྱེ་ཞེས་པའི་མིང་འདོགས་དོན་ནི། ང་ཚོ་ཕྱི་རབས་པ་དག་ཨ་མྱེ་ཡང་མྱེ་ཡི་ཐུགས་དཀྱེལ་དང་བློ་གྲོས་ཀྱི་ཁྲིད་སྟོན་འོག་རིམ་པར་འཚར་ལོངས་བྱུང་ཞིང་། ང་ཚོའི་སེམས་རྒྱུད་ཀྱི་རྨོངས་པ་དང་མ་རིག་པའི་ཆ་དེའང་ཨ་མྱེ་ཡང་མྱེ་ཡི་མཛངས་པའི་བློ་ཡིས་སེལ་བ་ཡིན་པས། ང་ཚོས་རང་ཅག་གི་ཨ་མྱེ་དེ་ཕྱི་རབས་པའི་འགྲོ་དོན་མཐའ་དག་གི་རྨང་གཞི་དང་སྔོན་འགྲོར་བསམ་ནསཨ་མྱེཞེས་པའི་ཆེད་དམིགས་ཀྱི་མིང་འདི་བཏགས་པ་ཡིན།

ཀློག་སྨྱུག་འདི་འདྲ་ཞིག་གསར་ཏུ་འདོན་པའི་ཀུན་སློང་དེ་གང་ནས་བྱུང་ངམ་ཞེ་ན། དེ་ནི་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཆེ་ཞིང་དུངས་ཞེན་ཟབ་པའི་བོད་རིགས་གཞོན་ནུ་སྐོར་ཞིག་གིས་རང་གི་རིག་གནས་ཕུན་སུམ་ཚོགས་པ་འདི་ཉིད་མི་ཉམས་གོང་འཕེལ་དང་། ཡུན་རིང་བརྟན་གནས་ཡོང་བའི་སྨོན་འདུན་གཙང་མའི་སྒུལ་ཤུགས་འོག རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་གནས་མཇལ་བ་དག་ལ་བསྔོ་ཙམ་ཐོགས་ན་སྙམ་པའི་སེམས་བསྐྱེད་དྲི་མ་མེད་པ་ལས་བྱུང་བ་ཡིན། ཁོང་རྣམ་པས་རྗེས་སོར་ཡང་མུ་མཐུད་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་ཞབས་འདེགས་ཟོལ་མེད་ཞུ་རྒྱུའི་ཆོད་སེམས་བརྟན་པས། འཛད་སྤྱོད་པ་དག་གིས་ཁོང་ཚོའི་རྣམ་དཔྱོད་ཀྱི་བློ་གྲོས་དང་དཀའ་སྤྱད་ཀྱི་ངལ་བ་ལས་བྱུང་བའི་ཐོན་རྫས་གསར་བ་འདི་ལ་རྒྱབ་སྐྱོར་དང་མངགས་ཉོ་གནང་བར་དགའ་བསུ་སྙིང་ནས་ཞུ།

རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་མཇལ་སྐོར་བ་ཚོས་ཐོན་རྫས་འདི་ཉིད་ལྷ་ས་དང་། ཁྲིན་ཏུའུ། ཟི་ལིང་གྲོང་ཁྱེར་གྱི་བརྒྱུད་ཚོང་ཁང་ནས་ཉོ་བའམ། ཐའོ་པོ་དྲ་ཚིགས་དང་སྐད་འཕྲིན་དྲ་ཚོང་ཁང་ནས་མངགས་ཉོ་བྱས་ཀྱང་ཆོག


བོད་ལྗོངས་བརྒྱུད་ཚོང་ཁང་།

ཁ་པར།18009751666  13618999687

སི་ཁྲོན་བརྒྱུད་ཚོང་ཁང་།

ཁ་པར། 18502848325

མཚོ་སྔོན་བརྒྱུད་ཚོང་ཁང་།

ཁ་པར། 13551656478

ཟི་ལིང་བོད་མིའི་ཁྲོམ་ས་འོག་ཚོང་ར། གཙུག་ལག་ཕྲེང་བགསུང་རབ་དཔེ་ཚོགས་ཞབས་ཞུ་ལྟེ་གནས།  

ཁ་པར།  13139061266

མཚོ་ལྷོ་ཁུལ་གྱི་༼སྐྱིད་སྡུག་ཚོགས་པའི་ནང་བསྟན་མཁོ་ཆས་སྡེབ་ཚོང་ཁང་། མཚོ་ལྷོ་ཁུལ་སྨན་ཁང་གི་སྒོ་ཆེན་ནས་བྱང་ཕྱོགས་སུ་གོམ་པ་བརྒྱ་ཙམ་གྱི་མཚམས་སུ་ཡོད།

ཁ་པར། 15709740134

ཁྲིན་ཏུའུ་བོད་མའི་ཁྲོམ་རའི་  གསེར་དངུལ་མི་རིགས་བཟོ་རྩལ་ཐོན་རྫས།

ཁ་པར། 13683487698

ཀན་ལྷོ་རྨ་ཆུ་རྫོང་བརྒྱུད་ཚོང་ཁང་།

ཀན་ལྷོ་ཁུལ་རྨ་ཆུའི་འབྲོང་རྒན་ལམ། ལྷ་བྱ་ཁྲུང་ཁྲུང་དཀར་མོ།  མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཚོང་རའི་རྨ་ཆུའི་ཡན་ལག་ཚོང་ཁང་།

ཁ་པར། 13893907004

རྔ་བའི་་་་་སྦྲ་ནག་ཚང་སྒྲ་བརྙན་གླིང་།

ཁ་པར། 13882482551

རྔ་བའི་་་ལྷ་མོའི་བླ་མཚོའི་སྒྲ་བརྙན་གླིང་།

ཁ་པར། 13111800343


དྲ་ལམ་ནས་ཀློག་སྨྱུག་ཉོ་གནས།

སྐད་འཕྲིན་ཚོང་ཁང་།


ཐོ་པོ་ཚོང་ཁང་།



རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/4/1 བལྟ་ཀློག (20602)