ཨ་རི་ན་འབྲོག་པ་ཡོད་པ་མ་ཟད་འཛམ་གླིང་ནང་གི་འབྲོག་པ་ཕྱུགས་ཟོག་མང་ཤོས་ཀྱང་ཨ་རི་ན་ཡོད།

ཨ་རི་ན་འབྲོག་པ་ཡོད་པ་མ་ཟད་འཛམ་གླིང་ནང་གི་འབྲོག་པ་ཕྱུགས་ཟོག་མང་ཤོས་ཀྱང་ཨ་རི་ན་ཡོད།

ཟུངས་ཁྲག་གི་སྐད་འཕྲིན་བར་སྟོང་ལས་འདྲེན་བཀོད་བྱས།

        ཨ་རི་ན་འབྲོག་པ་ཡོད་པ་མ་ཟད་འཛམ་གླིང་ནང་གི་འབྲོག་པ་ཕྱུགས་ཟོག་མང་ཤོས་ཀྱང་ཨ་རི་ན་ཡོད།ད་ནང་བོད་ནང་གི་གྲོགས་པོ་འགའ་དང་ཁ་བརྡ་བྱས། བརྗོད་བྱ་ནི་སྤྱིར་བཏང་གི་རང་རང་སྡོད་ཡུལ་གྱི་འཚོ་བའི་གནས་སྟངས་ཙམ་རེད། ཁོང་ཚོས་"ཨ་རི་ན་འབྲོག་པ་ཡོད་དམ"ཞེས་ཟེར། "ས་ཆ་འགར་འབྲོག་པ་ཁ་ཤས་མཐོང་རྒྱུ་འདུག"ཅེས་ལན་བཏབ། ཁ་བརྡ་ཚར་རྗེས་ཨ་རི་ན་འབྲོག་པ་ཇི་ལྟར་ཡོད་མེད་བལྟས། ལོས་ཡོད། ཨ་རིའི་མངའ་སྡེ་ཨོ་ཧ་ཡོ་(Ohio)ནང་སྐྱེས་པའི་སྐུ་ཞབས་ཊེ་ཌེ་་ཊུར་ནེར་(Ted Turner 1938-)ནི་གཅིག་རེད། ཁོང་ལ་ཟོག་ནག་(Bison)ཁྲི་ལྔ་༥༠,༠༠༠ ལྷག་ཡོད་ཅིང་། འཛམ་གླིང་འདིར་ཁྱིམ་ཚང་གཅིག་ལ་སྒོ་ཟོག་མང་ཤོས་ཨང་དང་པོ་དང་། རྩྭ་ས་ཨེ་ཀ་(Acre)ས་ཡ་གཉིས་༢,༠༠༠,༠༠༠ ལྷག་ཡོད་ཅིང་། དེ་ནི་ཨ་རི་ནང་གི་མི་ཚང་གཅིག་ལ་ས་ཆ་ཆེ་ཤོས་ཨང་གཉིས་པ་དེ་ཡིན་འདུག །ད་ཆ་འབྲོག་ལས་ཐོན་སྐྱེད་ལ་བརྟེན་པའི་ཟ་ཁང་དང་ཚོང་ཁང་མང་པོ་བཙུགས་པ་བརྒྱུད། མ་དངུལ་ཨ་སྒོར་ས་ཡ་ཉིས་སྟོང་༢,༠༠༠,༠༠༠,༠༠༠ ལྷག་ཡོད་པ་གཞན་ལ་རོགས་སྐྱོར་བྱེད་བཞིན་ཡོད་འདུག །གཤམ་གྱི་པར་དེ་ཚོ་ནི། ཁོང་གི་ཕྱུགས་ཟོག་དང་རྩྭ་ས། ཟ་ཁང་དང་ཁ་ལག་བཅས་ཀྱི་པར་རེད།

རྩོམ་ཡིག་མཁོ་སྤྲོད་པ་རིན་ཆེན་རྣམ་རྒྱལ།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/5/6 བལྟ་ཀློག (10254)