ཐའེ་ཝན་དུ་སངས་རྒྱས་འཁྲུངས་སྐར་དང་མ་ཡུམ་དུས་ཆེན་སྲུང་བརྩི་ཞུས་པ།


༼༢༠༡༦/༥/༨༽ཐའེ་ཝན་རང་དབང་ཐང་ཆེན་དུ་ཚི་ཅིའི་(慈濟)ཚོགས་པས་གོ་སྒྲིག་བྱས་པའི་སངས་རྒྱས་ཀྱི་འཁྲུངས་སྐར་དང་།མ་ཡུམ་དུས་ཆེན་སྟབས་གཅིག་ཏུ་སྲུང་རྩི་ཞུས་འདུག་ཅིང་།ཐའེ་ཝན་གྱི་སྲིད་འཛིན་རྒན་གཞོན་དང་དགེ་འདུན་པ་དང་མི་མང་ཁྲི་འགའ་མཉམ་ཞུགས་གནང་བར་མ་ཟད།གཙོ་སྒྲུབ་ལས་ཁུངས་ཀྱིས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་བརྒྱུད་གདན་ཞུས་གནང་བ་ལྟར་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་སུམ་ཅུ་ལྷག་ཅིག་ཀྱང་མཉམ་ཞུགས་གནང་འདུག  


ད་དུང་སྐབས་དེའི་ཚི་ཅི་ཏཱ་ཨའི་བརྙན་འཕྲིན་慈濟大愛電視台ཐད་གཏོང་བརྙན་རྒྱལ་ཁབ་སུམ་ཅུ་ནང་ཙམ་དུ་དུས་གཅིག་ལྟ་ཐུབ་ཀྱི་ཡོད་འདུག  ཐའེ་ཝན་གྱི་དགོན་པ་རེ་རེས་ཀྱང་སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་ལ་དེ་ཙམ་དུ་དོ་གལ་དུ་རྩི་བཞིན་པ་མཇལ་ན་སྟོན་པའི་རྗེས་འཇུག་གཞན་མང་པོ་ཞིག་ལའང་སྐུལ་མ་ཅུང་ཟད་རེ་ཐེབས་སྲིད་སྙམ།



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/5/11 བལྟ་ཀློག (7591)