རྔ་བའི་ཆུ་མིག་དགུ་ཁྲ་རིག་གནས་ལས་སྒྲུབ་ཁང་གི་བརྡ་སྦྱོར།

དྷཱིཿཕུ་དཔལ་ལྡན་རྒྱ་མཚོས་དཔེ་ཁང་སྒོ་འབྱེད་གནངས་པ།

      འདི་ནི་མི་ཆུང་ཆུང་ཞིག་གི་རྨི་ལམ་གྱི་ཐེམ་སྐས་ཏེ། ཡུན་རིང་སེམས་སུ་ཉར་བའི་མི་ཡུལ་ལ་ཕུལ་བའི་ཟས་རིན་དང་རང་ཉིད་ཀྱི་མ་འོངས་པའི་ཕོར་བའང་ཡིན། འདི་ནས་གྲུབ་མཐའ་རིས་སུ་མེད་ལ། ལྟ་བ་རིས་སུ་མེད་པར། སོ་སོའི་ཁམས་དང་མཐུན་པར་ལྷོད་ལྷོད་ཀྱིས་ཇ་འཐུང་ཞོར་དཔེ་ཀློག་བྱེད་ཆོག་ལ། འདི་ན་ཁྲིམས་དང་མི་འགལ་ཞིང་ལུགས་དང་མཐུན་པའི་དཔེ་ཆ་སྣ་ཚོགས་སྡེབ་ཚོང་དང་སིལ་ཚོང་སྣ་ཚོགས་བྱེད་རྒྱུ་ཡོད། འདི་ནས་ཁྱེད་ཅག་གི་དགོས་མཁོ་ལྟར་ཁྲིམས་མཐུན་གྱི་དཔེ་ཆ་སྒྲིག་སྦྱོར་དང་དཔེ་ཆའི་རྒྱབ་ཤོག་ཇུས་འགོད།  ཚགས་པར་ཆེ་ཆུང་དཔར་བ། མིང་བྱང་དང་མགྲོན་ཤོག་ཇུས་འགོད། གཟེངས་རྟགས་སྣ་ཚོགས་བཟོ་བ་སོགས་ཁྱེད་འཛད་སྤྱོད་པའི་ཁམས་དང་མཐུན་པར་ཧུར་ཐག་གིས་འབད་པ་ནི་ངེད་ཅག་གི་འོས་འགན་ཡིན་ཞེས་བཤད།

དཔེ་ཁང་གི་ཟུར་དངོས།

དཔེ་ཁང་གི་ཟུར་དངོས།

སྐུ་མགྲོན་དག་གིས་དཔེ་ཆ་ཉོ་བཞིན་པ།

འབྲེལ་གཏུགས་བྱེད་ས།   

གསའ་རང་འབར།

ཁ་པར་ཨང་གྲངས།  13684393379

ཆུ་མིག་དགུ་ཁྲ་རིག་གནས་ལས་སྒྲུབ་ཁང་།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/6/8 བལྟ་ཀློག (4163)