ན་གཞོན་གླུ་མ་པདྨ་མཚོའི་གླུ་དབྱངས་གསར་བ༼ བུ་མོ་སྒྲོལ་མ༽

 ན་གཞོན་གླུ་མ་པདྨ་མཚོའི་གླུ་དབྱངས་གསར་བ༼ བུ་མོ་སྒྲོལ་མ༽ ༼ གཙོད་གློག་བརྙན་ལས་སྒྲུབ་ཁང་ནས།༽

འཁྲབ་ཁྲིད་པ། བསྟན་འཛིན་རྒྱ་མཚོ། ཇུས་འགོད་པ། ཁམས་རྒྱལ།

བརྙན་ལེན། སྒྲིག་སྦྱོར། ཁྱབ་བསྒྲགས་ཇུས་འགོད། ཀླུ་སྒྲུབ་རྡོ་རྗེ།

རོལ་མོ། སྒྲ་ལེན། སྒྲིག་སྦྱོར། ཏན་ཏན།

གཞས་མ་གཏམ། བདེ་ལེགས་ནོར་བུ།

བུ་མོ་སྒྲོལ་མ།

ཚིག ཞི་བདེ་ཉི་མ།

དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།

གཞས་མ། པདྨ་མཚོ།


བུ་མོ་སྒྲོལ་མ་ཁ་བ་རི་བོའི་འདབས་ནས་ཡིན།།

ཁ་བཏགས་དཀར་པོ་ལྟ་བུའི་སེམས་པ་ཁྱེར་ནས་ཡོང་།།

གངས་རྒྱན་མེ་ཏོག་ལྟ་བུའི་འཛུམ་མདངས་དགོད་བཞིན་ཡོང་།།

གངས་ཆབ་སྔོན་མོ་ལྟ་བུའི་གཞུང་རྒྱུད་འཛོམས་ནས་ཡོང་།།

བུ་མོ་སྒྲོལ་མ།

གངས་རིའི་ཡུལ་གྱི་སྒྲོལ་མ།

སྟག་ཤར་བརྩེ་བ་ཅན་གྱི་ཡིད་སྨོན་འཆོར་ས་ཡིན།།

ཕ་མ་བྱམས་སེམས་ཅན་གྱི་རེ་འདུན་བཅོལ་ས་ཡིན།།

གཡང་ཁྱིམ་གྲུ་བཞིའི་ནང་གི་བདེ་སྐྱིད་དྲོན་མོ་ཡིན།'

བུ་མོ་སྒྲོལ་མ་ཁ་བ་རི་བོའི་འདབས་ནས་ཡིན།།

མེ་ཏོག་གསེར་ཆེན་ལྟ་བུའི་སྐྱེས་གཟུགས་བཞད་ནས་ཡོང་།།

ཁུ་བྱུག་གསུང་སྐད་ལྟ་བུའི་གཞས་ཆུང་ལེན་བཞིན་ཡོང་།།

རྨ་བྱའི་མཛེས་སྡུག་ལྟ་བུའི་བྲོ་གར་འཁྲབ་བཞིན་ཡོང་།།

བུ་མོ་སྒྲོལ་མ།

གངས་རིའི་ཡུལ་གྱི་སྒྲོལ་མ།

སྟག་ཤར་བརྩེ་བ་ཅན་གྱི་ཡིད་སྨོན་འཆོར་ས་ཡིན།།

ཕ་མ་བྱམས་སེམས་ཅན་གྱི་རེ་འདུན་བཅོལ་ས་ཡིན།།

གཡང་ཁྱིམ་གྲུ་བཞིའི་ནང་གི་བདེ་སྐྱིད་དྲོན་མོ་ཡིན།།



རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2016/6/9 བལྟ་ཀློག (3373)