དགོན་སྡེའི་མེ་ཟོན་བདེ་འཇགས་ཐད་ངེས་པར་དུ་ཤེས་རྟོགས་ཐུབ་དགོས་པའི་གནད་དོན།

དགོན་སྡེའི་མེ་ཟོན་བདེ་འཇགས་ཐད་ངེས་པར་དུ་ཤེས་རྟོགས་ཐུབ་དགོས་པའི་གནད་དོན།

寺庙消防安全应知应会指南

མེ་སྐྱོན་མངོན་མེད་རྐྱེན་ངན་གཙང་སེལ་བྱས་ནས།  མཉམ་དུ་བདེ་འཁོད་དགོན་སྡེ་སྐྲུན་དགོས།

གྲྭ་ཤག་ནང་ངོས་ཀྱི་མེ་དང་གློག དེ་བཞིན་མེ་འབར་སླ་བའི་དངོས་ཟོག་དབར་བར་ཐག་རིང་པོ་བཞག་ནས། མེ་སྐྱོན་གནས་ཚུལ་ཐོན་རྒྱུར་སྔོན་འགོག་བྱ་དགོས།

གྲྭ་ཤག་ནང་ངོས་སུ་གློག་ཤུགས་ཆེ་བའི་ཤེལ་གློག་བེད་སྤྱོད་བྱ་མི་རུང་ལ། མེ་འགོག་གི་བྱ་ཐབས་སྤྱད་མེད་པར་རང་འདོད་བཞིན་གློག་སྐུད་གང་བྱུང་དུ་འཐེན་མི་ཆོག ཕྱོགས་མཚུངས་གློག་སྐུད་དང་ཐོག་ཡོལ་དབར་མེ་འགོག་གི་བར་ཐག་རིང་པོ་འཇོག་དགོས།

གྲྭ་ཤག་ནང་ངོས་སུ་རང་འདོད་བཞིན་གློག་སྐུད་གང་བྱུང་དུ་འཁྲིད་མི་རུང་ལ་གློག་ཤུགས་ཆེ་བའི་གློག་ཆས་སྤྱོད་མི་རུང་།

གྲྭ་ཤག་ནང་ངོས་སུ་སྤྱོད་བཞིན་པའི་སོལ་རླངས་ཐབ་ཆས་དང་མེ་འབར་སླ་བའི་དངོས་ཟོག སོལ་རླངས་བླུག་སྣོད། དེ་བཞིན་ཐབ་ཆས་དབར་མེ་འགོག་གི་བར་ཐག་རིང་པོ་འཇོག་དགོས།

དགོན་སྡེའི་ནང་ངོས་སུ་རང་འདོད་བཞིན་གློག་སྐུད་གང་བྱུང་དུ་འཁྲིད་མི་རུང་ལ་ལྕགས་སྐུད་གཞན་གྱིས་ཉེན་འགོག་ཞ་སྐུད་ཀྱི་ཚབ་བྱ་མི་ཆོག

མེ་འབར་སླ་བའི་དངོས་ཟོག་དང་མེ་སོགས་འཁྱེར་ནས་དགོན་སྡེའི་ནང་ཕེབས་མི་ཆོག

དགོན་སྡེའི་གཙོ་བོའི་ཁང་པའི་ཐོག་མེ་ཤིང་དང་། ཤིང་ཆ། སྣུམ་སོགས་འབར་སླ་བའི་དངོས་ཟོག་རྩ་བ་ནས་འཇོག་མི་ཆོག

ཉིན་རེའི་གཟིམ་སྒོ་སྐྱོན་སྐབས་གློག་བཀག་པ་དང་མཆོད་མེ་སོགས་གཟིམ་དགོས།

དགོན་སྡེའི་བདེ་སྲུང་ཚོགས་ཆུང་གིས་ཉིན་ལྟར་མེ་སྐྱོན་སྔོན་འགོག་གནས་ཚུལ་ལ་སྐོར་ཞིབ་བྱ་དགོས།

དགོན་སྡེ་གཟིམ་སྒོ་ཕྱེ་རིང་། མེ་ཟོན་བདེ་འཇགས་བགྲོད་ལམ་ཤར་གཏོང་ཐུབ་པ་བྱ་དགོས་པ་ལས། བདེ་འཇགས་འགྲོ་ལམ་བཀག་པ་དང་བཟུང་སྤྱོད་བྱ་མི་ཆོག

མེ་ཟོན་སྒྲིག་ཆས་ལ་དུས་ཐོག་ཏུ་ཞིབ་བཤེར་དང་། བདག་སྐྱོང་། ཉམས་གསོ་བཅས་བྱ་དགོས།

དགོན་སྡེའི་གྲྭ་བཙུན་རྣམ་པས་ངེས་པར་དུ་མེ་སྐྱོན་སྔོན་འགོག་ཤེས་བྱ་ཤེས་རྟོགས་ཐུབ་པ་བྱ་དགོས།

མེ་སྐྱོན་གནས་ཚུལ་ཐོན་སྐབས་དུས་ཐོག་ཏུ་༡༡༩ལ་ཉེན་བརྡ་གཏོང་དགོས་པ་མ་ཟད་མི་སྣ་སྒྲིག་འཛུགས་བྱས་ནས་མེ་གསོད་རོགས་སྐྱོབ་བྱ་དགོས།

དགོན་སྡེའི་མེ་ཟོན་བདེ་འཇགས་ལས་དོན་དེ་དགོན་སྡེས་འགན་གཙོ་བོ་འཁུར་དགོས་པ་དང་། སྤྱི་བདེ་མེ་ཟོན་ཚན་པས་ལྟ་སྐུལ་ཞིབ་བཤེར་བྱ་དགོས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/7/18 བལྟ་ཀློག (45411)