སྲོལ་རྒྱུན་འུར་ཆའི་བཟོ་རྩལ་དང་འུར་རྡོའི་འགྲན་སྡུར་གྱི་བྱ་འགུལ།

       རྒྱུས་ལོན་བྱས་པ་ལྟར་ན།  སྤྱི་ལོ་༢༠༡༦ལོའི་ཟླ་༧པའི་ཚེས་ ༢༥ཉིན་མཚོ་སྔོན་ཞིང་ཆེན་མགར་རྩེ་ཚོ་ཆེན་བཅོ་བརྒྱད་ཀྱི་དགྲ་ལྷའི་དཔུང་བསྟོད་ཀྱི་དགའ་སྟོན་ཉིན་མོར་༼སྲིད་པ་རྒད་པོ༽དམངས་སྲོལ་རིག་གནས་འཚོལ་བསྡུ་ཚན་ཆུང་ཞེས་པ་ཞིག་གིས་བོད་ཀྱི་དམངས་ཁྲོད་རིག་གནས་ཉམས་བཞིན་པའི་སྲོལ་རྒྱུན་སྐོར་མ་ཉམས་པ་གོང་འཕེལ་དང་ཉམས་པ་སླར་གསོའི་ཐད་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་རེ་རྒྱག་བསམས་ནས་ཚན་ཆུང་གསར་དུ་བཙུགས་པའི་སྐབས་དང་བསྟུན་ཏེ་ད་ལོར་དམངས་ཁྲོད་ཀྱི་རྔམ་མཐུག་པའི་སྲོལ་རྒྱུན་གྱི་དོ་ར་ནས་བྱེ་བྲག་ཉམས་རྒུད་དུ་འགྲོ་བཞིན་པའི་འུར་རྡོའི་རིག་གནས་ལ་ཆེད་དམིགས་ཀྱིས་གཞི་རྒྱ་ཆེ་བའི་བྱ་འགུལ་ཞིག་སྤེལ་བ་རེད་འདུག 

     ད་རེབ་བྱ་འགུལ་གྱི་ནང་གསེས་ལ་སྲོལ་རྒྱུན་འུར་ཆའི་བཟོ་རྩལ་འགྲན་སྡུར་དང་འུར་རྡོའི་འགྲན་སྡུར་གཉིས་དུས་མཉམ་དུ་སྤེལ་ཡོད་ལ་བོད་ཀྱི་དམངས་ཁྲོད་འུར་ཆའི་རིག་གནས་དེ་ཐབས་བརྒྱ་ཇུས་སྟོང་གིས་མི་རབས་རྗེས་མ་ཚོར་ངོས་ཟིན་དང་ཉམས་གསོའི་ལས་ཀར་ཀུན་གྱིས་གདེང་འཇོག་བཟང་བོ་དང་དགའ་བསུ་ཆེན་པོ་ཐོབ་འདུག

ཚོགས་རྟགས་སྲིད་པ་རྒད་པོ།

བཟོ་རྩལ་སྣ་ཚོགས་ཀྱི་འུར་ཆ།

འུར་ཆའི་བཟོ་རྩལ་ལ་རྒྱུས་ལོན་བྱ་བཞིན་པ།

འུར་ཆས་རྡོ་འཕངས་ཏེ་འགྲན་སྡུར་བྱ་བའི་ཡུལ་དངོས།

འུར་ཆས་རྡོ་འཕངས་ཏེ་འགྲན་སྡུར་བྱ་བའི་ཡུལ་དངོས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/7/30 བལྟ་ཀློག (6417)