མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་དཔྱད་གླེང་།

མཁས་དབང་དམུ་དགེ་བསམ་གཏན་མཆོག་རྗེས་དྲན་ཞུ།

      ཁོང་ནི་སྤྱི་ལོ་༡༩༡༤ལོར་མདོ་སྨད་རྔ་ཁུལ་ཟུང་ཆུ་རྫོང་གི་དམུ་དགེ་སོག་པོ་རུ་ཞེས་པར་སྐུ་འཁྲུངས་ཤིང་སྤྱི་ལོ་༡༩༩༣ལོར་སྐུ་མྱ་ངན་ལས་འདས།  ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་སོགས་ནས་མདོ་སྔགས་རིག་གནས་ཀྱི་གཞུང་ལ་སྦྱང་བ་མཐར་ཕྱིན་པ་གནང་བས་ངེས་དོན་གྱི་མཁས་པ་ཆེན་པོར་གྱུར། གསུང་འབུམ་པོད་དྲུག་བཞུགས།

མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཟུང་ཆུ་རྫོང་དུ་འཚོགས།

རྔ་བའི་གསར་འགྱུར་དྲ་བའི་འཕྲིན།    

       གངས་ཅན་མཁས་པའི་དབང་བོ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་དཔྱད་གླེང་ཚོགས་འདུ་ཟུང་ཆུ་རྫོང་དུ་འཚོགས་འགོ་བཟུང་། ཐེངས་འདིའི་ཚོགས་འདུ་ནི་ཟུང་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་འགན་བྱས་པ་དང་ཚོགས་ཡུན་ནི་2016ལོའི་སྤྱི་ཟླ་8པའི་ཚེས་21ཉིན་ནས་23ཉིན་བར་ཡིན། ཚོགས་འདུའི་མཛད་སྒོའི་ཐོག་ཏུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཤིས་ཚིག་ཕུལ་བ་སྒྲོག་སྦྱང་བྱས་པ་དང་། རྔ་བ་ཁུལ་ཨུའི་རྒྱུན་ཨུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ལི་ཝེ་གོ་དང་མཁས་དབང་མཆོག་གི་སློབ་མའི་སྐུ་ཚབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟག་ཚ་སྤྲུལ་སྐུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཚན་ཞབས་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཀྱིས་གསུང་བཤད་གནང་བ་མ་ཟད། ཚོགས་ཞུགས་པ་ཚང་མས་མཁས་དབང་མཆོག་གི་དངོས་བཤུས་བརྙན་འཕྲིན་ལ་གཟིགས་པ་རེད།

 དགེ་བཤེས་ཤེས་རབ་རྒྱ་མཚོས་གསུང་བཤད་གནང་པ།

རྔ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟག་ཚ་མཆོག་སྤྲུལ་ཚང་གིས་གསུང་བཤད་གནང་བཞིན་པ།

དགེ་རྒན་འབུམ་སྐྱབས་ཀྱིས་གསུང་བཤད་གནང་བཞིན་པ།

    ཐེངས་འདིའི་རིག་གཞུང་དཔྱད་གླེང་ཚོགས་འདུར་ཀྲུང་དབྱང་དང་ཞིང་ཆེན།  ཁུལ་གྱི་འགོ་ཁྲིད་དང་།  སློབ་གྲྭ་ཆེན་མོ་དང་རིག་གཞུང་ཞིབ་འཇུག་ལས་ཁུངས་སོགས་ཀྱི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་པ།  ཆེད་མཁས་པ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་89ཞུགས་པ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་ཀླུ་རྒྱལ་འབུམ་གྱིས་དམུ་དགེ་བསམ་གཏན་གྱི་མཛད་རྗེས་མདོར་བསྡུས་ཙམ་བཤད་པ་དང་སྦྲང་ཆར་རྩོམ་སྒྲིག་ཁང་གི་དགེན་ཟླ་བ་བློ་གྲོས་ཀྱིས་མཁས་པའི་དབང་བོ་དམུ་དགེ་བསམ་གཏན་ཚང་གི་སྙན་ངག་སྐོར་གྱི་སྙན་ཞུ་སོགས་རིན་ཐང་ལྡན་པའི་དཔྱད་རྩོམ་18འབྱོར་བ་དཔྱད་གླེང་བྱས་ཡོད།

ཚོགས་རའི་ཟུར་ཞུགས་ཀྱི་ཡུལ་དངོས།

      ཚོགས་འདུའི་སྐབས་སུ་ཚོགས་ཞུགས་པ་རྣམས་ཀྱིས་ཀྱང་དཔྱད་རྩོམ་དཔྱད་གླེང་བྱས་པ་དང་མཁས་དབང་མཆོག་གི་བཤམས་སྟོན་ཁང་དང་འཁྲུངས་ཡུལ།  དམར་དམག་གནའ་ཤུལ་གྱི་བཤམས་སྟོན་ཁང་། ཟུང་ཆུ་རྫོང་གི་གནའ་མཁར་སོགས་སུ་བལྟ་སྐོར་བྱས་པ་རེད།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2016/8/22 བལྟ་ཀློག (5350)