མི་ཉག་མགར་ཐར་ཡུལ་གྱི་འོད་སྐུ་དགོན་ཤུལ།


མི་ཉག་མགར་ཐར་ཡུལ་གྱི་འོད་སྐུ་དགོན་ཤུལ།

ཁམས་པའི་འཛུམ་རིས།

        འོད་སྐུ་དགོན་ནི་དེང་སང་འོད་སྐུ་ཁང་ཆག་ཟེར།  རི་རྫོང་དཔོན་ཁང་གི་ལུང་པའི་ཕུ་ན་ཡོད་ཅིང་།  སྔར་བོན་དགོན་ཞིག་ཡིན་པར་ཡིག་རྙིང་དག་ལས་མཐོང་མོད།  བདག་གི་དྲན་ཚོད་ལ་རྩིག་ཆག་མང་ཙམ་ལས་མི་འདུག  ད་ལྟ་དེ་ན་དཀར་མཛེས་ཉ་རྒྱས་བླ་བྲང་གི་ཕྱག་མཛོད་ཅིག་རྒྱལ་གཉེར་བཙོན་རར་ལྷུང་བ་ཞིག་གི་རྒྱུད་བསོད་ནམས་དར་རྒྱས་ཟེར་བ་དང་།  ཚ་ཉག་སྟོད་པ་དཔོན་གྱི་རྒྱུད་བུ་མོ་ཞིག་གཉིས་ཁྱིམ་གཞིས་ཆགས་པའི་ཚ་རྒྱུད་དང་བཅས་པ་དེར་གནས་སོ། །

༼  ཉན་ཤུལ་འཇམ་དབྱངས་གྲགས་པའི་གསུང་རྩོམ་ལས་དྲངས། ༽



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2016/10/27 བལྟ་ཀློག (2034)