བོད་ཀྱི་བུ་མོ་ཞིག་གིས་ཡོ་རོབ་ནས་རབ་འབྱམས་མའི་མཚན་རྟགས་བླངས།

བོད་ཀྱི་བུ་མོ་ཞིག་གིས་ཡོ་རོབ་ནས་རབ་འབྱམས་མའི་མཚན་རྟགས་བླངས


         རབ་འབྱམས་མ་ཡེ་ཤེས་དབང་མོ་ནི།     མཚོ་སྔོན་ནང་ཆེན་ཟུར་མང་རྣམ་རྒྱལ་རྩེའི་ཉེ་འགྲམ་ཕྱེ་འོ་སྡེ་བར་ཕ་དབའ་བསྟན་པ་དང་མ་གླིང་བཟའ་ཨ་ཀུན་གཉིས་ཀྱི་བུ་མོར་སྐྱེས།    ཆུང་ཆུང་སྐབས་ནས་ཕྱི་ཡུལ་གྱི་སློབ་གྲྭ་འགྲིམ་སྟེ་སློབ་གྲྭ་ཆེན་མོ་མཐར་ཕྱིན།  དེ་རྗེས་ཡོ་རོབ་ས་ཁུལ་གྱི་ལི་མོ་རིག་གཙུག་ལག་སློབ་གྲྭ་ཆེན་མོར་ (University of Limerick)  སྐྱེ་དངོས་རིག་པའི་ནང་ཚན་ནུབ་ལུགས་གསོ་བ་རིག་པར་ཆེད་སྦྱོང་གི་ཐོག་ནས་ཞིབ་འཇུག་བྱས་པས།   2017.01.17ཉིན་གཙུག་ལག་རབ་འབྱམས་མའི་མཚན་རྟགས་བཞེས་ཡོད་འདུག    མཚན་རྟགས་ལེན་དུས་ཀྱི་མཛད་སྒོའི་སྐབས་ཀྱི་ཡུལ་དངོས་གཤམ་ནས་པར་རིས་ལམ་ནས་ངོ་སྤྲོད་བྱ་རྒྱུ་ཡིན།


མཚན་རྟགས་བཞེས་སྐབས་ཀྱི་གཞི་རྒྱ་ཆེ་བའི་མཛད་སྒོའི་ཡུལ་དངོས།


སློབ་གྲྭའི་དགེ་རྒན་རྣམས་དང་མཉམ་དུ་བླངས་བའི་པར་རིས།


སྐབས་དེར་ཡེ་ཤེས་དབང་མོ་རྒྱལ་སྤྱིའི་རབ་འབྱམས་སློབ་མའི་མགྲིན་ཚབ་པར་འདེམ་ཐོན་བྱུང་སྟེ་གཏམ་བཤད་སྤེལ།


ཡེ་ཤེས་དབང་མོས་གཏམ་བཤད་ཚར་རྗེས་སློབ་དཔོན་དང་མཁས་དབང་རྣམ་པས་བསྔགས་བརྗོད་དང་དྲི་བ་དྲིས་ལན་བྱས།


ཁོ་མོའི་གཅུང་པོ་བདེ་ཆེན་ཡེ་ཤེས་ཀྱང་མཛད་སྒོའི་ཐོག་མཉམ་ཞུགས་བྱེད་དུ་ཐོན།



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/1/18 བལྟ་ཀློག (23535)