རྒྱལ་རོང་དུ་བོན་གྱི་སྦྱིན་སྲེག་ཆེན་མོ་ཐེངས་གཉིས་པ་ལེགས་པར་གྲུབ།

དཔལ་ལྡན་དམག་ཟོར་རྒྱལ་མོ།

དབང་གི་སྦྱིན་སྲེག་སྣང་སྲིད་དབང་སྡུད་ཀྱི་ས་ཐིག

དྲག་པོའི་སྦྱིན་སྲེག་དགྲ་སྲོག་སྤུ་གྲིའི་ས་ཐིག

ཞི་བའི་སྦྱིན་སྲེག་མ་རིག་ཀུན་གསལ་གྱི་ས་ཐིག

རྒྱས་པའི་སྦྱིན་སྲེག་རི་རྒྱལ་ལྷུན་པོའི་ས་ཐིག


ན་མོ་མ་མ་ཌཀྐི་ཡེ། སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་དམ་པ་༧རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་གདན་རབས་སོ་གསུམ་པ༧ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང༧ཡོངས་འཛིན་སྨྲ་བའི་སེང་གེ  ༧གཤེན་སྲས་ནོར་བུ་དབང་རྒྱལ།  ༧མ་ཧ་པཎ་ཌི་ཏ་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་རིན་པོ་ཆེ་སོགས་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་པའི་འཕྲིན་ལས་རྒྱས་ཏེ་བོན་མི་ནུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་པ་དང་། ཁྱད་པར་དུ་རྒྱལ་མོ་ཚ་བ་རོང་གི་གྱེར་བསྟན་དབྱར་གྱི་མཚོ་བཞིན་རྒྱས་པའི་ཕྱིར་ཏུ་རྔ་ཡུལ་རྟོགས་ལྡན་དགོན་ཆེན་གྱི་མཁན་རབས་བཞི་བ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་དབུ་བླ་མཆོག་སྤྲུལ་༼པད་མ་རིན་ཆེན་༽གྱི་ཐུགས་རྗེ་བཀའ་དྲིན་འོག་ཤར་རྒྱལ་རོང་གཡུང་དྲུང་ལྷ་སྟེང་དགོན་ཆེན་དུ་སྤྱི་ལོ་༢༠༡༧ལོའི་ཟླ༣ཚེས་༡ཉིན་ནས་འགོ་བཟུང་སྟེ་སྲིད་པ་གསུམ་ལ་དབང་བསྒྱུར་བའི་རྒྱལ་མོ་དཔལ་ལྡན་དམག་ཟོར་རྒྱལ་མོའི་ལས་བཞིའི་སྦྱིན་སྲེག་སྟེ་དང་བོ་དྲག་པོའི་སྦྱིན་སྲེག་དགྲ་སྲོག་སྤུ་གྲི།གཉིས་པ་ཞི་བའི་སྦྱིན་སྲེག་མ་རིག་ཀུན་གསལ། གསུམ་པ་རྒྱས་པའི་སྦྱིན་སྲེག་རི་རྒྱལ་ལྷུན་པོ།བཞི་བ་དབང་གི་སྦྱིན་སྲེག་སྣང་སྲིད་དབང་སྡུད་བཅས་༼འཇའ་ཚོན་དགོངས་རྒྱན་དང་། མན་ངག་ཆུ་སྲིན་ནོར་བ།   མན་ངག་རུ་སྦལ་རྐང་ལག་སོགས་ཀྱི་དགོངས་པ་བཞིན་༧དྲུང་མི་ཧ་རའི་སྤྲུལ་བ་མཆོག་སྤྲུལ་པད་མ་ཡིན་ཆེན་དབུ་བཞུགས་འོག་རིམ་པ་བཞིན་དུ་ཉིན་བརྒྱད་ཀྱི་རིང་ལ་རྒྱས་པ་གསུངས་ཏེ་མཐར་དཔལ་ལྡན་དམག་ཟོར་རྒྱལ་མོར་བཀའ་དྲིན་གཏང་རག་གི་ཡོན་དུ་ཞལ་ཟས་ཚོགས་མཆོད་ཁྲི་གཅིག་གི་མཆོད་པ་ཕུལ་ཏེ་བཀྲ་ཤིས་པའི་ལྟས་དུ་མ་དང་བཅས་མཇུག་ལེགས་པར་རྫོགས་སོ།།

གསར་འགྱུར་མཁོ་སྤྲོད་པ། མགར་པདྨ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/3/9 བལྟ་ཀློག (26432)