རྫོགས་ཆེན་དྲ་བ་ཤར་གཏོང་བྱས་པའི་གསལ་བརྡ།


བཀུར་འོས་མཁྱེན་དཔྱོད་ལྡན་པའི་རྩོམ་པ་པོ་དང་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་འཚམས་འདྲི་ཞུ་བ་དང་ཆར།

     དུས་རབས་གསར་རྙིང་གི་བརྒལ་མཚམས་དང་སྤྱི་ཚོགས་བརྡ་འཕྲིན་གྱི་ཁོར་ཡུག་ཁྲོད་ནས་འདས་པའི་ལོ་རྒྱུས་རིག་གནས་ཀྱི་སྒལ་ཚིགས་དང་། ད་ལྟའི་གནས་བབ། འབྱུང་འགྱུར་གྱི་དགེ་མཚན་ཁྱབ་སྤེལ་སོགས་གངས་ཅན་ཆོས་རིག་གི་གཙུག་ལག་རྒྱ་མཚོ་ཆེན་མོའི་ཆ་ཤས་ཙམ་ལ་སྒྱུ་རྩལ་གྱི་ཕོ་བྲང་ལྟ་བུའི་རེ་བ་དང་སྨོན་འདུན་བསྣམས་ནས། རྫོགས་ཆེན་དྲ་བ་རང་ཡུལ་ཁ་བའི་ཞིང་གི་རིགས་གཅིག་སྤུན་ཟླ་མིང་སྲིང་གི་སྤྱན་སྔར་དངོས་སུ་ཤར་གཏོང་བྱས་ཡོད།  ཀུན་ལ་ཀློག་བདེའི་ཆེད་དུ་རིམ་པར་འཕྲིན་གསར་དང་།  གསུང་རྩོམ།  ལོ་རྒྱུས།  མི་སྣ།  རྩོམ་རིག ཆོ་ག་ཕྱག་སྲོལ།  སྒྱུ་རྩལ།  དམངས་སྲོལ།  སྐྱེ་ཁམས་འཕྲོད་བསྟེན།  པར་མཛོད་བཅས་སྡེ་ཚན་དུ་བཀར་བ་དང་། ཕ་ས་ཕ་ཡུལ་གྱི་དུང་ཞེན་དཀར་པོ་སྣ་ཚོགས་ཡིག་གཟུགས་སུ་ཕབ་སྟེ་རང་ནུས་གང་འཚམ་གྱིས་འབད་འཆར་ལགས་ན།       ནར་སོན་པའི་བརྒྱུད་རིམ་གྱི་ཁྲོད་ནས་ལྷག་བསམ་དང་མཁྱེན་དཔྱོད་ལྡན་པའི་དགེ་བའི་བཤེས་གཉེན་རྣམས་དང་ཀློག་པ་པོ་ཡོངས་ཀྱིས་ཐུགས་ཁུར་དང་ལམ་སྟོན་གནང་བར་འཚལ་ཞུ།

རྩོམ་སྒྲིག་པས་ཕུལ།


ངེད་དྲ་ཚིགས།  http://www.dzogchendrapa.com/

རྩོམ་ཡིག་སྐུར་ཡུལ།   ཡིག་ཟམ། 189863111@qq.com

སྐད་འཕྲིན། dorgye333999  
ཁ་པར། 13658009933

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/3/21 བལྟ་ཀློག (2864)