འཆི་བ་དང་ལྷུང་བ།

འཆི་བ་དང་ལྷུང་བ།

འུག་པ།


ཕྲ་རྡུལ་གྱིས་སྤགས་པའི་ས་གཞི
སྨུག་སྤྲིན་གྱིས་འགང་བའི་ནམ་མཁའ
རླུང་ཤེད་ཀྱིས་ལོ་མ་འཐོར་བའི་སྟོན་ཀ

རི་བོ་དེའི་གོང་གི་རི་བོ
དར་ལྕེ་ལྷབ་ལྷུབ་བསྐྱོད་པའི་རི་བོ་དེའི་འུར་སྒྲ   

དཔྱིད་ཀྱི་ས་ཞིང་གི་མེ་ཏོག་ངོས་སུ་སྦས་པའི  
རུས་སྦལ་ཆུང་ཆུང་དེའང
མཚམས་རེ་གསོན་ལ་སྐབས་རེ་འཆི

སོར་མོའི་བར་གསེང་ནས་རྙེད་པའི
ཁྱོད་ཀྱི་ལ་བ

ཕྱི་རོལ་རུལ་ཞིང་ཐེད   

ལྕགས་ཀྱི་སྒྲོག་བུ་ཆུང་ཆུང་དེའང་བཙའ་ནས་འདུག


 ད་ལྟ
མནོ་བསམ་བཏང་ན
ཐ་ན་རང་ཉིད་ཀྱི་དངུལ་ཆུའང་བསུབ་མི་ཐུབ      དེ་ནི
འཆི་བ་ལྟུང་པའི་ཕུང་པོའོ

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/4/29 བལྟ་ཀློག (2551)