ལྷོ་ཁོ་རེ་ཡ་དང་ཨ་རིས་གསང་འཕྲིན་མཉམ་སྤྱོད་བྱ་ཤུགས་ཆེ་རུ་བཏང་བ།

ལྷོ་ཁོ་རེ་ཡ་དང་ཨ་རིས་གསང་འཕྲིན་མཉམ་སྤྱོད་བྱ་ཤུགས་ཆེ་རུ་བཏང་བ།

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༡ཉིན་ལྷོ་ཁོ་རེ་ཡའི་གསར་འགྱུར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་མཚོ་དམག་དང་ལྷོ་ཁོ་རེ་ཡར་བཅའ་སྡོད་ཨ་རིའི་མཚོ་དམག་གིས་མཉམ་འབྲེལ་མཚོ་ཐོག་དམག་འཐབ་སྤྱི་ཁྱབ་པུའུ་ཞེས་པ་བཙུགས་ཏེ། གསང་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་དམག་འཐབ་མཐུན་སྦྱོར་སོགས་བྱ་ཤུགས་ཆེ་རུ་བཏང་ཡོད།

 གནས་ཚུལ་སྤེལ་བར་གཞིགས་ན། མཉམ་འབྲེལ་མཚོ་ཐོག་དམག་འཐབ་སྤྱི་ཁྱབ་པུའུ་ཞེས་པ་དེ་ལྷོ་ཁོ་རེ་ཡ་དང་ཨ་རིའི་མཚོ་དམག་གི་མཐོ་རིམ་དམག་དཔོན་གྱིས་ཐུན་མོང་ཐོག་མགོ་ཁྲིད་བྱས་ཤིང་། དུས་རྒྱུན་ལྷོ་ཁོ་རེ་ཡའི་མཚོ་དམག་དཔོན་རིགས་ཀྱིས་བཀོད་འདོམས་བྱེད་ཀྱི་ཡོད། རང་མིང་ཁྱབ་བསྒྲགས་བྱས་མེད་པའི་ལྷོ་ཁོ་རེ་ཡའི་མཚོ་དམག་དཔོན་རིགས་ཤིག་གིས་ལྷོ་ཁོ་རེ་ཡ་དང་ཨ་རིའི་མཚོ་དམག་གིས་མཉམ་འབྲེལ་དམག་འཐབ་སྤྱི་ཁྱབ་པུའུ་བརྒྱུད་བྱང་ཁོ་རེ་ཡའི་འཕུར་མདེལ་སོགས་ཐད་ཀྱི་གསང་འཕྲིན་མཉམ་སྤྱོད་སྔར་བས་མང་བ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད་པ་རེད།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/5/22 བལྟ་ཀློག (32204)