ཇོ་མོ་གླང་མའི་འདབས་ཀྱི་ལྗང་མདོག་སྲུང་མཁན།

ཇོ་མོ་གླང་མའི་འདབས་ཀྱི་ལྗང་མདོག་སྲུང་མཁན།


     ལོ41ལ་སླེབས་པའི་ཚེ་རིང་ནོར་བུས་གྲོང་མི་ཚོར་སྣེ་ཁྲིད་དེ་གད་སྙིགས་འཐུ་བཞིན་པ།


     ཇོ་མ་གླང་མའི་འདབས་སུ་མི་ཚོགས་འདི་འདྲ་ཞིག་ཡོད་པ་སྟེ། ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ཚོར“ཕན་བདེ་བ”ཞེས་འབོད་ཀྱི་ཡོད།


    2009ལོར་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་འོག་ཚེ་རིང་ནོར་བུས“ཕན་བདེ་བ”ཞེས་པའི་ཚོགས་པ་ཞིག་བཙུགས་ཤིང་། ཚོགས་པ་དེ་འདྲ་ཞིག་བཙུགས་པའི་དམིགས་ཡུལ་ནི་དམངས་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། སྡེ་ཁུལ་གྱི་གྲོང་མིར་ཁོར་ཡུག་སྲུང་སྐྱོབ་ནང་ཞུགས་རྒྱུའི་སྐུལ་འདེད་གཏོང་བའི་ཆེད་ཡིན་པ་རེད། མིག་སྔའི་བར་ཚོགས་པ་དེས“ཕན་བདེ་བ”400ལྷག་གསོ་སྐྱོང་བྱས་ཡོད།

     ཉེ་བའི་ལོ་ཤས་རིང་། “གླང་རྒན་ཐེབས་རྩ་ཚོགས་པ”སོགས་རྒྱལ་ནང་གི་སྤྱི་ཕན་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག་ཚོགས་པ་དེས་སྲོལ་རྒྱུན་གྱི་ལུག་ཚང་སྒྱུར་བཀོད་དང་། འདམ་རར་ཆུ་གསབ་པ། ཁོར་ཡུག་སྲུང་སྐྱོང་སློབ་གསོ། ནུས་རྩལ་གསོ་སྦྱོང་སོགས་རྣམ་གྲངས་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱས་ཡོད།




རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/6/13 བལྟ་ཀློག (5738)