བལ་བོའི་སོ་ཕག་བཟོ་གྲྭའི་སྐྱི་གཡའ་བའི་འཚོ་བ།

བལ་བོའི་སོ་ཕག་བཟོ་གྲྭའི་སྐྱི་གཡའ་བའི་འཚོ་བ།

ཡིག་སྒྱུར། གཡང་མོ་བཀྲ་ཤིས།

     བལ་བོའི་སོ་ཕག་སྲེག་ཁུང་༢༠༠རུ་བཟོ་ཕྲུག་འབུམ་གཅིག་དང་ཁྲི་ལྔ་བརྒལ་པ་དང་ཉིན་རེར་ཆུ་ཚོད་༡༢ཡན་ལ་གླ་བྱེད་བཞིན་ཡོད།

     པར་ལེན་པJan Moeller Hansenབལ་བོའི་ཀ་ཏ་མན་རྡུའི་ཡུལ་གྱི་མི་དམངས་ཀྱི་འཚོ་བ་དངོས་ལ་ཞུགས་ཏེ། རང་ཉིད་ཀྱི་པར་ཆས་ཀྱིས༢༠༡༣ནས་༢༠༡༦ལོའི་བར་གྱི་ཀ་ཏི་མན་རྡུའི་གཞོང་སའི་སོ་ཕག་སྲེག་ཁུང་གི་གནས་ཚུལ་དངོས་པར་རིས་སུ་བཀོད།

     Janཀྱིས་ཚོད་དཔག་ལྟར་ན། ཀ་ཏི་མན་རྡུའི་གཞོང་སའི་སོ་ཕག་སྲེག་ཁུང་༢༠༠ཡིས་བཟོ་ཕྲུག་འབུམ༡ཁྲི་༥ནས་འབུམ་༡ཁྲི༧དང་༥སྟོང་ལྷག་གླས་ཡོད་པ་དང་། བཟོ་ཕྲུག་དེ་ཚོ་བལ་ཡུལ་བས་མཐའི་རི་མ་ཐང་ས་ཁུལ་དང་བདེ་ཐང་ནས་ཡོང་བའི་འཚོ་བ་ཧ་ཅང་དཀའ་སྡུག་ཅན་དང་དབུལ་པོ་ཡིན།

     བཟོ་ཕྲུག་འདི་ཚོས་ཉིན་རེར་ཆུ་ཚོད་༡༢ནས་༡༤བར་ལས་ཀར་ཞུགས་དགོས་ཤིང་། ལུས་ཀྱིས་སྡུག་བསྔལ་ཚད་མེད་མྱང་བཞིན་ཡོད། དེ་ནའང་བཟོ་ཕྲུག་དེ་དག་གིས་དངུལ་ཕོགས་སྐར་གང་ཡང་ལེན་མི་ཐུབ་པར་རང་རང་གི་ཕ་མས་ལེན་པ་རེད།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/6/23 བལྟ་ཀློག (31563)