༄༅།།༢༠༡༧ལོའི་མཚོ་སྔོན་ཞིང་ཆེན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལོ་ཚོགས་ཟི་ལིང་དུ་འཚོགས་པ།

༄༅།།༢༠༡༧ལོའི་མཚོ་སྔོན་ཞིང་ཆེན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལོ་ཚོགས་ཟི་ལིང་དུ་འཚོགས་པ།

 ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་རྡོ་ཐར་གྱིས་ཟི་ལིང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༩པའི་ཚེས་༡༧ཉིན་༢༠༡༧ལོའི་མཚོ་སྔོན་ཞིང་ཆེན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ལོ་ཚོགས་ཟི་ལིང་དུ་སྐོང་འཚོགས་བྱས་པ་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་པདྨ་དང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ།  མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསེར་ཁྲི་ཚང་།  ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བ་ཁ་སྒང་བཀྲ་ཤིས་ཚེ་རིང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་རྒྱ་ཡེ་བཀྲ་བྷོ་སོགས་འགོ་ཁྲིད་དང་ཆེད་མཁས་པ།  གཞན་གསར་འགོད་པ་བཅས་མི་༤༠ལྷག་ཐེངས་འདིའི་ལོ་ཚོགས་སུ་ཞུགས་ཡོད་པ་རེད།

ཚོགས་ཞུགས་འབྲེལ་ཡོད་འགོ་ཁྲིད། པར་བ་ཆབ་འགག་ཇོ་རུ།

ཚོགས་ཞུགས་ཆེད་མཁས་པ། པར་བ་ཆབ་འགག་ཇོ་རུ།

 ཉེ་བའི་ལོ་ཤས་རིང་།   མཚོ་སྔོན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་མཛུབ་སྟོན་འོག   ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཁག་རྒྱུན་འཁྱོངས་དང་མཚོ་སྔོན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཚོགས་པའི་འབྲེལ་ཡོད་སྒྲིག་ལམ་དང་ཟུང་འབྲེལ་བྱས་པ་བརྒྱུད།  ཚོགས་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ལས་དོན་ཁག་ལ་དྲང་ནུས་བསྐྱེད་པ་དང་།  འཆམ་མཐུན་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པར་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།  

 ཚོགས་ཞུགས་འབྲེལ་ཡོད་མི་སྣ། ཆབ་འགག་ཇོ་རུས་པར་བླངས།

 ཚོགས་ཞུགས་འབྲེལ་ཡོད་མི་སྣ། ཆབ་འགག་ཇོ་རུས་པར་བླངས།

 རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་པདྨ་ཡིས།  མཚོ་སྔོན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་རྒྱ་ཆེའི་བོད་རིག་པའི་ཆེད་མཁས་པ་རྣམ་ལ་རིག་གཞུང་བགྲོ་གླེང་དང་རིག་གནས་བརྒྱུད་སྒྲོག་གི་སྟེགས་བུ་ཞིག་མཁོ་སྤྲོད་བྱས་ཤིང་།  དེས་ཙོང་ཁ་པ་ཆེན་མོའི་བསླབ་པ་སློབ་གཉེར་དང་རིག་གནས་གི་བསམ་བློ་སོགས་རྒྱུན་འཛིན་དང་སྔོག་འདོན་བྱེད་པའི་ཐད་ལ་འཆམ་མཐུན་གྱི་རིག་གཞུང་ཁོར་ཡུག་ཅིག་གཏོད་ཡོད་པ་མ་ཟད།  ཙོང་ཁ་པ་ཆེན་མོའི་གནའ་རྫས་བདག་གཉེར་དང་སྲུང་སྐྱོབ།   ཞིབ་འཇུག་བཅས་བྱེད་པའི་ཕྱོགས་ལའང་ཚན་རིག་ཞིབ་འཇུག་གི་ལྟེ་གནས་ལྟ་བུ་ཞིག་བསྐྲུན་ཡོད་ལ།   ཚོགས་པ་འདི་དབུ་བརྙེས་པ་ལས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བརྒྱུད་སྒྲོག་དང་མི་རིགས་མཐུན་སྒྲིལ་ཐད་ལ་སྔར་ལས་ལྷག་པའི་དོན་སྙིང་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་རེད།

 པདྨས་གཏམ་བཤད་གནང་བཞིན་པ། ཆབ་འགག་ཇོ་རུས་པར་བླངས།

 ཚོགས་ཞུགས་པ་ཡོངས།  ཆབ་འགག་ཇོ་རུས་པར་བླངས།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2017/9/19 བལྟ་ཀློག (3383)