བག་འཁུམས་པའི་བུད་མེད་ཅིག
མགོ་ལོག དཔའ་དར་རིང་མོ།
ཁོ་མོས་འདྲི་བར་འདོད་པའི་ཚིག་གསུམ།
ཡིད་ཀྱི་གཏིང་མཐའ་རུ་བསྒོམས་ཏེ།
ཁོ་བོ་མེ་འཁོར་དུ་བསྡད་པའི་དུང་བརྡ་དང་བཅས།
ད་གཟོད་ཁོ་བོ་ལ༼ང་ཁྱེད་ལ་དགའ༽ཞེས་བཤད་བྱུང་།
ལྗང་ལྡེམ་གྱི་རྩྭ་ཕྲན་སེར་པོར་གྱུར་ལ།
སྟོན་ཁའི་ཁྲུང་ཁྲུང་ཡང་ལྷོ་རུ་བཞུད།
དགུ་ཚིགས་ཀྱི་ཆུ་བོ་ཡང་བོགས་ཏེ་སླར་ཡང་བྲི་བར་གྱུར།
སྔར་བཞིན་ཁོ་བོ་གནས་ཚུལ་ཕྲན་ཙམ་ཡང་མ་བྱུང་།
ཁོ་བོས་འཁྱག་སིབ་སིབ་ཀྱི་བརྩེ་བ་དེས།
ཁོ་མོས་ངུ་ཤུམ་གྱི་ཆུ་རིས་འགྲམ་སྟེང་དུ་འཁྲིལ་བར་བྱས།
བློ་ཡུལ་ལས་འདས་པ་ཞིག་ལ།
ཧ་ཅང་མཐོ་བའི་མེ་འཁོར་གྱི་དུང་བརྡ་ཏེ་གྲགས་པའི་སྐབས་དེར།
ཁོ་བོ་གཞི་ནས་ཁོ་མོའི་ཚིག་འབྲུ་དམའ་མོ་དག་གོ་མ་བྱུང་།
མཐའ་མཇུག་ཁོ་བོ་བུད་མེད་གཞན་ཞིག་ལ་དགའ་བྱུང་།
ད་གཟོད་ཁོ་མོས་སྔར་གྱི་སྐད་ཆ་བསྐྱར་དུ་དྲངས་ཏེ།
སྙིང་ཉེ་བའི་གྲོགས་པོ་ལགས།
ཆེས་བཟོད་པར་དཀའ་བ་ནི་ད་ལྟའི་གནས་སྟངས་དེའོ།།
ས་གནས། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཙང་སྐོར་ཞོལ་མ།
དངོས་མིང་། བློ་གྲོས།
ཁ་པར་ཨང་གྲངས། 18935650635
|