ན་གཞོན་སྒོ་ཡོལ་གྱི་གསར་བྲིས་སྙན་ངག

 སྒོ་ཡོལ། ( དཀར་མཛེས།)

ཕྱི་ནང་བར་མེད་ན།  ༼ ཞར་བཀོད་གཅིག༽

མེ་ལོང་ནང་དུ

གཟུགས་མི་འགྱུར་བའི་བྱ་སྒྲོ་ཞིག་ཡོད

དེ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་ན་འགྲིག

ད་དུང བསམ་མནོ་གཏོང་ཤེས་པའི་སྒྲོ་ཞིག་ཡིན་ན་ཆོག


འོན་ཏང  ལོ་ངོ་མང་པོ་ཞིག་སོང་རྗེས

ང་ཁྱོད་ཀྱི་རྣམ་པ་དེར་ཧ་ཅང་ཡིད་སྐྱོ


སྐད་ཆ་དང་ཡིག་འབྲུའི་མཚོན་མི་ནུས་པའི

ཁྱོད་ཀྱི་གཤིས་ཀ་དང་རྣམ་པ་རེ་རེ

ཅི་འདྲའི་ཡི་མུག་པའི་དུས་རབས་ཤིག་ན་འདུག


མེ་ལོང་གི་མཐའ་འཁོར

གྲང་ངར་དང་ཙག་གིས་བཟུང་ནས

ང་ཁྱོད་ཀྱི་འཚོ་བ་དང་བདེ་སྡུག་སོགས་ལ

ཧ་ཅང་ཡིད་ཕམ་ནས་ཡོད་ཡ   


ཁ་བ་འདི་མ་བབས་པའི་སྔོན་ལ

ང་ཅིས་ཀྱང་ཁྱོད་ལ་ཐེངས་གཅིག་འཕྲད་འདོད


                                      2017/10/3 ལ་གྲུབ།


མི་ཚེ་འོ་སྣང་གིས་ཁྱབ་ཤོག



ཀྭ་ཡེ་གཞོན་ནུ་ལགས

ཁྱེད་ཀྱིས་ཕོ་ལོ་ཉི་ཤུའི་མེ་ལོང་ཞིག་མགོར

ཕོ་ལོ་ཉི་ཤུའི་སྨྲ་ལྕེ་ཞིག་རྡོར

དེ་ནི་ཁྱེད་ཀྱིས་གདམ་གསེས་ཡག་ཤོས་ཡིན


སྒེའུ་ཁུང་ཁར་སྤུར་བཞིན་པའི  

ས་རྡུལ་དང་ལོ་མ་རེ་རེས

ཁྱོད་ཀྱི་ནར་སོན་གྱི་ལོ་ཟླ་བཟོ་སྲིད


ད་དུང  མི་ཚོགས་ཀྱི་རྡོག་སྒྲ་རེ་རེས

ཁྱོད་ལ་མནོས་གྲིབ་ཕོག་སྲིད་པའི

ཁྱོད་རང་དར་གྱིས་འཕུར་ན་ཆོག


འཕུར་་་་་་་་་་་་་་་་་་་་་་


                         2017/10/12 ལ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/10/17 བལྟ་ཀློག (2560)