གོ་བ་ལོག་པ།


ཡིད་ལས་སྐྱེས།

ཁྱོད་རང་མི་ཞིག་ལ་ཤིན་ཏུ་དགའ་བས

གོ་བ་མང་པོ་ལོག་མྱོང

ཡང་ན    བྱེའུ་ཞིག་གི་གཤོག་རྩེ་བཅད་པ་བཞིན

རྨི་ལམ་ནང་གི་བུ་མོ་དེ་དང་ཐུག་འདོད་ཡང་ཡང་སྐྱེས

ནར་སོན་ཡང

སྔར་བཞིན་ཁྱོད་རང་ཁེར་རྐྱང་གི་གློག་སྡོང་ཞིག་དང་འདྲ་བར

མཚན་མོ་འཆམ་འཆམ་དུ་རྒྱུ་བའི་ཕྱེ་ལེབ་ཕོ་མོ་དག་སྲུང་བར་དགའ

འོན་ཏེ

དཀར་འོད་ལ་ཆགས་པའི་གཤོག་སྣེ་དམར་པོ

ཁྱོད་ཀྱིས་མེ་ཏོག་ཞིག་ཏུ་འགྲུལ་ནའང

དོན་ངོས་སུ་ས་རྡུལ་སྤར་མོ་གང་ཡང་མ་ཡིན་པས

གཞི་ནས་རླུང་བུས་གྲབས་བཞིན་པའི་རྩ་ཕྲན་དེ་ཤུགས་གླུ་མོད་པར་གྱུར

དེ་དུས   དགུན་ཁ་ཐོན་པར་ཞེད

དེ་དུས    སྟོན་ཁ་ཡོང་བར་ཞེད

མ་གཞི་དགུན་ཁ་ཐོན་དུས་ཀྱང་གོན་པ་དྲོན་པོ་ཞིག་ཡོད་ན་འགྲིག་ལ

མ་གཞི་སྟོན་ཁ་ཡོང་དུས་ཀྱང་ཆམ་པ་མ་ཕོག་ན་བདེ

འོན་ཀྱང   ང་གོ་བ་ལོག་པ་ནས

ང་ལ་འཇིག་རྟེན་ཆ་ཚང་ཞིག་མེད

ཞུ་སོང་།

                                                

བར་ཆོད་དུ་ཆོད་བྱེད་ཡིན་པའི་འབྲེལ་ཐག་ཅིག་གིས་སྦྲེལ

ཐོག་མ་ནས་ཀུ་རེ་ལ་མི་དགའ་མོད

འདམ་རྫོང་ནང་གི་མེ་ཏོག་གཅེར་བུ་ལྟར

ང་ནི་ལྷད་མེད་པ་ཁོ་ན་དེ་ཡིན


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/10/17 བལྟ་ཀློག (1948)