དགེ་བཤེས་ཉི་མའི་དེབ་གསར་འགྲེམ་བརྡ།

དགེ་བཤེས་ཉི་མའི་དེབ་གསར་འགྲེམ་བརྡ།



ཇི་སྐད་དུ་ཡང་།
མཛད་པ་ཀུན་ལས་གསུང་གི་ནི།།
མཛད་པ་མཆོག་ཡིན་ཞེས་གསུངས་པ་ལྟར།
 བར་ཁམས་སྟོང་སྐོར་དགོན་གསང་ཆེན་མི་འགྱུར་རྡོ་རྗེ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་སེར་སྨད་དགེ་བཤེས་ཉི་མ་མཆོག་གིས་དགོན་འདི་གར་གཞུང་ཆེན་མོའི་དཔེ་ཁྲིད་ཀྱི་ཕྱག་ལས་གནང་བའི་ཞོར་དུ་༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོས་མཛད་པའི་༼ཀུན་གཞི་རྒྱ་ཆེར་འགྲེལ་༽འདི་ཉིད་ཚིག་དོན་ཧ་ཅང་བརླིང་བ་སྤྱི་དང་།
ལྷག་པར་དུ་གཞུང་འདིར་ཐེག་བསྡུས་དང་། བཤད་སྦྱར་སོགས་ཀྱི་ལུང་འདྲེན་ཡང་ཕོན་ཆེ་ཞིང་། དེང་དུས་ཀྱི་སློབ་གཉེར་བ་ཕལ་མོ་ཆེས་གཡས་འཇོག་རྐྱང་པར་བཞག་པ་དང་།  མ་ཟད་ད་སྔ་སུས་ཀྱང་འདི་ལ་འགྲེལ་པ་བརྩམས་པ་མི་སྣང་བ་སོགས་ལ་བརྟེན་ནས།   གཞུང་འདི་ཉིད་རྩ་བའི་ཚངས་ཐིག་ཏུ་བཟུང་ཞིང་། མཆན་དང་དོགས་དཔྱོད་ཀྱིས་ཟུར་བརྒྱན་ཏེ་༼ཀུན་གཞི་རྒྱ་ཆེར་འགྲེལ་གྱི་མཆན་འགྲེལ་འཇམ་མགོན་བླ་མའི་ཐུགས་བཅུད་༽ཅེས་པ་སྔ་ལོ་ནས་ལྗགས་བརྩམས་མཛད་ཟིན་པ་འདི་ལ་ད་ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཚད་ལྡན་དཔེ་རྟགས་ཀྱང་ཐོབ་ཡོད་པས་མི་འགྱང་བར་བཀྲམ་འཆར་ཡོད་པ་ལགས་ན།  གཟིགས་རྒྱ་ཆེ་བའི་སློབ་གཉེར་བ་རྣམ་པས་དཔེ་ཆ་འདི་བླུ་སྙིང་འདོད་ཚེ་ངེད་སྟོང་སྐོར་དགོན་སློབ་གཉེར་ཁང་ལ་འབྲེལ་རོགས།

ཞལ་པར།


18383619175

15281557136

18783634551


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2017/12/19 བལྟ་ཀློག (6767)