དཔེ་འཕྲིན། ༢༠༡༨ལོའི་སྙན་ངག་པ་ལོ་དེབ།

 དཔེ་འཕྲིན།

བཀུར་འོས་བོད་ཀྱི་སྙན་ངག་ཀློག་མཁན་ལགས།

    ཕྱི་ལོ༢༠༡༨ལོའི<སྙན་ངག་པ>ལོ་དེབ་འདོན་ཐེངས༤པ་སྒོར་ཐོན་ལ་ཉེ་ཞིང་།  གསར་བྲིས་སྙན་ངག༣༠༠ལ་ཉེ་བ་ཞིག་ལས། རྩོམ་འདེམས་མཁན་ཆེད་ཞུས་མི་སྣ་སྐུ་ཞབས་མར་ཁུ་རྒྱལ་མཚན།  གངས་ཞུན།  ཐོ་ཡོར་བཅས་ཀྱིས་ལེགས་འདེམས་བྱས་པའི་རྩེ་གྲས་སྙན་ངག་༣༠ལྷག་ཅིག་འདིར་བཀོད་ཡོད་ཅིང་། སྙན་ངག་གསར་རྩོམ་མཁན་དག་ལ་དམིགས་ཏེ།  ད་ལོ་གསར་དུ<གཞོན་པ>ཞེས་པའི་སྙན་ངག་ཚན་པ་ཞིག་བསྣན་ཏེ། ཁྱོན་བསྡོམས་སྙན་ངག༤༤འདིར་བཀོད་ཡོད།  སྔོན་ལ་ལྟོས་ན།  ཤོག་ངོས་ཇེ་མང་།  སྒྲིག་སྦྱོར་ཇེ་ལེགས། དཔེ་རྟགས་སྦྱོར་བ་སོགས་གང་ཐད་ནས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་ཡོད་ཅེས་ལབ་ཆོག་ཆོག་ཡིན།


     དེབ་འདི་མི་རིང་བར་ས་གནས་སོ་སོར་དགྲམ་རྒྱུ་ཡིན་པས།  དེབ་ཆུང་འདི་ལ་དགའ་འདུན་གྱིས་ཀློག་རོལ་འདོད་མཁན་དག་གིས་འབྲེལ་གཏུག་གནང་རོགས་དང་།   ཚང་མས་མཁྱེན་གསལ་ལྟར།   འདི་བསྒྲུབས་པའི་དམིགས་ཡུལ་ནི་རྩོམ་པ་པོ་དང་ཀློག་པ་པོར་བློ་ལ་བབ་པའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་རྒྱུ་ལས།  ཡོང་འབབ་སོགས་ལ་ཁྱོན་ནས་དམིགས་མེད་པས།  རིན་གོང་ཧ་ཅང་བདེ།

དེབ་ཚར༢༠ཡན་ཆད་ཉོ་མཁན་བྱུང་ན་ས་གནས་སོ་སོར་བསྐུར་ཐུབ།  

ཁ་པར་འབྲེལ་ལམ། 

15884444424  

17051604444


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/1/20 བལྟ་ཀློག (6067)