ཁྱི།

ཁྱི

རོ་རྒྱ་གླིང་།

ཁྱི
ཐག་རིང་གི་སྤྲིན་པ་ནི
ངས་ད་སྐབས་འཐུང་བཞིན་པའི་ཆུ་བོ་འདིའི་ཚེ་སྲོག་རེད
བར་སྣང་ནས་ཆུ་ཐིགས་པ་གཅིག་ལྷུང་བའི་ཚེ་ནའང
ངས་ནི་བཟོད་ཐབས་མི་འདུག

ཁྱི
ཡིན་ཡང
གཟུགས་མེད་ཀྱི་དངོས་པོ་གཉིས་འཕྲད་པས
ཁྱོད་ཀྱི་ལུས་ཡོངས་བརླན་པར་གྱུར

ཁྱི
ཆེས་མཐའ་མཇུག་གི་སྒེའུ་ཁུང་ལས་རླུང་གཡུག་བྱུང
རླུང་དེའི་ནང་གི་འཕྲིན་པ་ནི་མེ་སྤར་མོ་གང་དང་མཚུངས་པས
ཆུ་བོ་ཆེན་པོ་འདི་དལ་མོར་བཞུར་སོང


ཁྱི་ནི་ང་སྒེར་གྱི་སྲང་ལམ་ཞིག་ཡིན།
                             
ཁྱི་ནི་ང་སྒེར་གྱི་སྲང་ལམ་ཞིག་ཡིན
ཉི་མ་དང་མུན་པ་གཉིས་ཀྱང་ངའི་ལག་ཏུ་ཡོད
སྲང་ལམ་ནང་ནས་ཁྱོད་ཀྱིས་ཆུ་འཐུང་ཆོག
ཟོག་ཤ་དང་ལུག་ཤ་ཟོས་ཆོག

ཁྱི་ནི་ང་སྒེར་གྱི་སྡོང་བོ་ཆག་པོ་ཞིག་ཡིན
ཁྱོད་ཀྱིས་བུ་ཆུང་ཁུར་ནས་སྡོང་བོ་ལ་ཁེན་ཏེ་རང་གི་སྐྱེས་པ་སྒུག་ཆོག
ནམ་མ་ལངས་བར་དུ་སྒུག་ཆོག


ཁྱི་ནི་ང་སྒེར་གྱི་རྩྭ་ཐང་འཁྱག་པོ་ཞིག་ཡིན
ཁྱོད་ཀྱིས་རང་གི་སྙིང་ཉེ་ལ
མེ་བུས་ཆོག   ཇ་སྐོལ་ཆོག 
མི་ཚེ་གང་བོར་རྟ་ཕོ་གཞོན་ནས་བརྩེ་བ་རོལ་ཆོག


ཁྱི་ནི་ངས་ཀྱང་མ་རེད
པེ་ཅང་གི་ལྷོ་མཐའི་ལྕགས་ར་ནང་གི་ཨང་རྟགས་དགུ་བ་དེ་རེད

2017/10/20

地址:青海省果洛州达日县 

联系电话13997451881


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/1/20 བལྟ་ཀློག (2013)