བོད་ཡུལ་དམངས་ཁྲོད་རྩ་ཆེའི་དཔེ་རྙིང་ཕྱོགས་བསྒྲིགས་འགྲེམ་བརྡ།

བོད་ཡུལ་དམངས་ཁྲོད་རྩ་ཆེའི་དཔེ་རྙིང་ཕྱོགས་བསྒྲིགས་འགྲེམ་བརྡ།

     བོད་ཡུལ་དམངས་ཁྲོད་རྩ་ཆའི་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་པོད་ལྔ་བཅུ་བདག་ཉིད་ཅན་འདི་ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་འོད་ཟེར་ཉིན་རེའི་ཚགས་པར་དཔེ་སྐྲུན་ཁང་གིས་རྒྱབ་སྐྱོར་དང་འཆར་གཞི་ལེགས་བཀོད་མཛད་པའི་སྒོ་ནས་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་ལོ་ངོ་ཡུན་རིང་དུ་བསྡུ་རུབ་མཛད་པའི་རྩ་ཆེའི་དཔེ་རྙིང་གི་མ་ཡིག་མཁོ་འདོན་གནང་བ་ལྟར། ཁྲིན་ཏུའུ་སམ་བྷོ་ཊ་པར་སྐྲུན་ལྟེ་གནས་ཀྱིས་དཔེ་སྒྲིག་ལག་བསྟར་དང་དུ་བླངས་ཤིང་ལོ་ངོ་གཉིས་ལྷག་གི་རིང་དུ་འབད་བརྩོན་ཆེན་པོའི་སྒོ་ནས་དཔེ་སྡུར་དང་དཔེ་སྒྲིག་གི་ལག་ལེན་བཏབ་པའི་གྲུབ་འབྲས་འདི་ད་ལོ་མངོན་དུ་ཐོན་ཡོད།    

     དཔེ་ཚོགས་འདིའི་ཁྱད་ཆོས་ནི་གཞུང་འདི་སྤྱིའི་པོད་གྲངས་ལྔ་བཅུ་བདག་ཉིད་ཅན་ཚང་མ་མ་ཕྱི་ཇི་བཞིན་དུ་པར་སྐྲུན་བྱས་ཤིང་།དཀར་ཆག་རྒྱ་བོད་དབྱིན་གསུམ་གྱི་སྒོ་ནས་ཚན་པ་བཞིའི་བཀོད་ཡོད་པ་དང་། ཚན་པ་སོ་སོར་དཔེ་སྡུར་ཞིབ་མོའི་གོ་རིམ་ལྡན་པའི་སྒོ་ནས་བསྒྲིག་ཏེ་ཆད་ལྷག་གི་མཆན་ཡང་ལེགས་པར་བཀོད་ཡོད།

     པོད་ལྔ་བཅུའི་ཁྲོད་དུ་སྔ་འགྱུར་རྙིང་མའི་ཆོས་སྐོར་པོད་སོ་གསུམ། དཔལ་ལྡན་ས་སྐྱའི་ཆོས་སྐོར་པོད་བརྒྱད།འགྲོ་མགོན་བཀའ་བརྒྱུད་ཆོས་སྐོར་པོད་ལྔ། རྒྱལ་བ་ཇོ་ནང་པའི་ཆོས་སྐོར་པོད་བཞི་བཅས་བཞུགས།དཔེ་ཚོགས་འདིའི་ནང་དུ་བཀོད་པའི་རྙིང་མ་རྒྱུད་འབུམ་དང་། ལམ་འབྲས་པོད་སེར། བཀའ་བརྒྱུད་མགུར་ཚོགས།  ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་དུས་འཁོར་འགྲེལ་བ་བཅས་རྩ་ཆེན་གྱི་དཔེ་རྙིང་མང་དུ་འདུ།མ་ཡིག་ཡང་དབུ་ཅན་དང་། དབུ་མེད། སྒམ་བྲིས་དང་། འཁྱུགས་བྲིས། ཚུགས་རིང་དང་། ཚུགས་ཐུང་།ལཉྫ་དང་། ཝརྟུ། གཞན་ཡང་དབུ་ལྷ་དང་། ཐིག་ཁང་སོགས་དུས་རབས་ཀྱི་དབང་གིས་མི་འདྲ་བ་མང་པོ་ཡོད་པས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེ།མ་དཔེ་སོར་བཞག་སྒོ་ནས་གོ་རིམ་ལེགས་སྒྲིག་བྱས་ཏེ་བཅོས་ལྷད་མ་ཤོར་བ་སོགས་ཁྱད་ཆོས་འབུར་དུ་ཐོན།

   མཁྱེན་དཔྱོད་ལྡན་པའི་ཀློག་པ་པོའི་སྤྱན་ལམ་དུ་འབུལ་བའི་དཔེ་ཚོགས་འདིའི་ཞིབ་གསལ་གྱི་དཀར་ཆག་ནི་འོག་ཏུ་བཀོད་པའི་ཚན་པ་སོ་སོའི་རེའུ་མིག་ཏུ་ཞིབ་གསལ་གཟིགས་པར་ཞུ།


ཆོས་སྐོར།

པོད།

མ་གོང་།

ཕབ་གོང་།

རྙིང་མའི་སྐོར།

33

9980

6000

ས་སྐྱའི་སྐོར།

8

2800

1800

བཀའ་བརྒྱུད་པའི་སྐོར།

5

1600

1000

ཇོ་ནང་གི་སྐོར།

4

1620

1000

བསྡོམས་གྲངས།

50

16000

9800


སམ་བྷོ་ཊའི་དཔེ་ཁང་།

འབྲེལ་གཏུགས་ཁ་པར། 028-85559938


བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།

འབྲེལ་གཏུགས་ཁ་པར།  18602849579


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2018/1/26 བལྟ་ཀློག (5006)