ང་ཡི་སྐར་མ་འཐུ་ཚུལ།

ང་ཡི་སྐར་མ་འཐུ་ཚུལ།

མགར་གློག་མིག   (འཇོ་མདའ།)
* ༢༠༡༨ལོར་ཐོག་མའི་བཅད་གསར།

བར་ཐག་ཆ་མེད་ཡིན་པའི།།
སྣང་སྟོང་ནམ་མཁའ་དེ་ཡང་།།
རྟོག་པས་ཕྱོགས་བཞིར་བསེད་དེ།།
འཛུམ་ཆུང་ལན་གཅིག་གད་པ།།

ང་ཡི་སྐར་མ་འཐུ་ཚུལ།།


ཚོར་བའི་ངོ་བོ་ཟེེར་ལེ།།
མཇའ་ཡི་མདོག་ལ་དཀྲིས་ཤིང་།།
སྤྲིན་པའི་གོམ་ན་རྒྱུ་བའི།།
དྲན་པ་ལྷོད་ཀྱིས་འཕྱོ་བ།།

ང་ཡི་སྐར་མ་འཐུ་ཚུལ།།


རྨི་ལམ་བདེན་པར་བདར་ཞིང་།།
སད་པར་རེ་ལྟོས་མ་བྱས།།
འཇམ་པོས་སྙན་པར་བསླས་པའི།།
རོལ་དབྱངས་འབའ་ཞིག་མཉན་པ།།

ང་ཡི་སྐར་མ་འཐུ་ཚུལ།།


བས་མཐའི་འཚོ་བ་མོག་པོ།།
རེ་བའི་ཟླ་འོད་ཇེ་གསལ།།
རྣམ་ཤེས་འོད་ལ་རེ་བ།།

ང་ཡི་སྐར་མ་འཐུ་ཚུལ།།


ངང་སྒུག་གོ་རིམ་བརྟན་པའི།།
ས་སྲོད་སྙེ་མའི་ཚོགས་ལ།།
སྲོག་གི་ཟིལ་བ་བཀླུབས་པ།།
ང་ཡི་སྐར་མ་འཐུ་ཚུལ།།

༢༠༡༨:༢:༢༢ཉིན།

  མིང་ལ་མགར་གློག་མིག་ཏུ་འབོད་ཅིང་། ལོ་རབས་དགུ་བཅུའི་ནང་བོད་ལྗོངས་འཇོ་མདའ་ནས་སྐྱེས།  ༢༠༡༢ལོ་ནས་བཟུང་སློབ་སྦྱོང་གི་སྐལ་བ་ཐོབ་སྟེ་ད་ལྟའི་ཆར་སློབ་སྦྱོང་གི་བྱ་བ་གཉེར་གྱིན་ཡོད།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/3/31 བལྟ་ཀློག (1673)