སྒོ་མང་དགོན་གྱི་བྱམས་སྐུ་དང་ལྷ་ཁང་ལ་ཚད་ཐོན་ཅིས་ནས་སུའི་དཔང་རྟགས་ཐོབ།


རྔ་ཡུལ་སྒོ་མང་དགོན་པའི་རྗེ་བཙུན་བྱམས་པ་མགོན་པོ།


སྒོ་མང་དགོན་གྱི་ཕོ་བྲང་ཡིད་དགའ་ཆོས་འཛིན།

 

    རྒྱུས་ལོན་བྱུང་བ་ལྟར་ན།  2018ལོའི་ཟླ་7པའི་ཚེས་5ཉིན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གི་དཔལ་གྱི་ཆོས་སྡེ་ཆེན་པོ་རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཕོ་བྲང་ཡིད་དགའ་ཆོས་འཛིན་དང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གཉིས་ལ་རྒྱལ་ཡོངས་ཀྱི་ཆེས་མཐོ་བའི་བྱམས་སྐུ་དང་ལྷ་ཁང་ཚད་ཐོན་ཅིས་ནས་སུའི་དཔང་རྟགས་ཐོབ་པའི་མཛད་སྒོ་བསྡུས་ཡོད།

   ཚོགས་ཐོག་ཏུ་རྒྱལ་ཡོངས་ཆེས་མཐོའི་ཧྲང་ཧེའི་ཅིས་ནས་སུའི་འབྲེལ་ཡོད་དབུ་ཁྲིད་དང་༧སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ།  སྒོ་མང་དགོན་པའི་ཚོགས་ཆེན་ཁྲི་རིན་པོ་ཆེ་མ་ཎིའི་བླ་མ་དང་དོ་དམ་ཁང་གི་ཨ་ལགས་ཕྱུག་ཚང་། རྔ་བ་རྫོང་གི་རྫོང་དཔོན་གཞོན་པ་ཀུན་བཟང་མཚོ་དང་བསྟན་ཁོ་སོགས་ས་གནས་འགོ་ཁྲིད་འགའ་མཉམ་ཞུགས་བྱས།


     རྒྱལ་ཡོངས་ཆེས་མཐོའི་ཧྲང་ཧེའི་ཅིས་ནས་སུའི་འགན་ཚབ་པས་སྒོ་མང་དགོན་གྱི་ཕོ་བྲང་ཡིད་དགའ་ཆོས་འཛིན་དང་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་གཉིས་ལ་རྒྱལ་ཡོངས་ཆེས་མཐོའི་བྱམས་སྐུ་དང་ལྷ་ཁང་ཚད་ཐོན་ཅིས་ནས་སུའི་དཔང་རྟགས་ཐོབ་པ་ཁྱབ་བསྒྲགས་བྱས།


     རྔ་བ་རྫོང་གི་རྫོང་དཔོན་གཞོན་པ་ཀུན་བཟང་མཚོས་རྔ་བ་རྫོང་གི་ཚབ་བྱས་ནས་དཔང་རྟགས་གནང་བའི་འབྲེལ་ཡོད་ལས་ཁུངས་ལ་བཀའ་དྲིན་ཞུས་པ་དང་ལྷག་དོན་༧སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ་མཆོག་གིས་གངས་ཅན་ལྗོངས་དང་ལྷག་པར་དུ་འཛམ་གླིང་གི་སྤྱི་ནོར་ཞིག་རང་རྫོང་ལ་བསོད་ནམས་གསོག་པའི་ཞིང་དུ་རྟེན་བཞེངས་གནངས་པ་ནི་བསོད་ནམས་ཆེན་པོར་མཐོང་བར་མ་ཟད།

    ཏང་གི་ཚོགས་ཆེན་བཅུ་དགུའི་དགོངས་དོན་དང་བརྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་བཟང་བོའི་འོག་རྔ་རྫོང་གིས་དཔལ་ཡོན་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་དཔལ་ཡོན་ཅན་གྱི་སྤྱི་ཚོགས་ལ་རྣམ་པ་གསར་བའི་འཕེལ་རྒྱས་སྣོན་བཞིན་པའི་སྐབས་འདིར་དེ་རིང་གི་བྱེད་སྒོ་འདིས་ཡུལ་སྐོར་སྒོ་འབྱེད་ཀྱི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་བླ་ལྷག་གནང་ཡོད་པའི་སྐོར་བཀའ་དྲིན་སྒྲོག་འདོན་བྱས་ཡོད།


དཔང་རྟགས་གནང་བའི་ཡུལ་དངོས།


    Axi County, Mo Temple, Fa Xiyuan created two major world Guinness records "China's best" certification ceremony


     阿坝县各莫寺法喜苑创两项大世界基尼斯纪录“中国之最”领证仪式

     7月5日,上海大世界基尼斯总部为阿坝县各莫寺“法喜苑”颁发“中国最大的连体佛殿建筑”、“中国最高的弥勒佛坐像(室内)”两项大世界基尼斯记录。


ཕོ་བྲང་ཡིད་དགའ་ཆོས་འཛིན།


རྔ་ཡུལ་སྒོ་མང་དགོན་པའི་ཕོ་བྲང་ཡིད་དགའ་ཆོས་འཛིན།

ཕོ་བྲང་ཡིད་དགའ་ཆོས་འཛིན་འགྲུབ་སྟོན་མཛད་སྒོའི་དྲན་རྟེན།

ཕོ་བྲང་ཡིད་དགའ་ཆོས་འཛིན་གྱི་ནང་གི་བཀོད་པ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/7/7 བལྟ་ཀློག (34273)