ཟླ་དྲུག་པའི་དྲན་སྣང་ཞིག

ཟླ་དྲུག་པའི་དྲན་སྣང་ཞིག

(འབའ་རྫོང)    མཚོ་མིག 

འབབ་མཚམས་མི་ཆད་པའི་དབྱར་ཆར་འདིས
བདག་གི་སྐྲ་ལོ་དང་མིག་ཟུང་བརླན་དུས
སྤྲིན་དཀར་ལྟ་བུའི་ལུག་ཁྱུ་དེའི་རྗེས་ཀྱི
སྨུག་པའི་ནང་གི་བུ་མོ་དེ་དྲན་ཡོང
བུ་མོའི་ངག་གི་རི་གླུ་དེ་དྲན་ཡོང

ཆར་ཐིགས་འདི་དག་ཟིམ་ཟིམ་བབས་ནས
དྲན་གདུང་དང་རེ་སྒུག་བརླན་པར་བྱས
རྒྱང་རིང་རྒྱང་རིང་གི་རི་ཚོགས་དང་སྨུག་པ
སེམས་པའི་དྲན་ངོགས་ལས་ཡལ་ཐབས་མི་འདུག
                  2018/6/26

ཟླ་བདུན་པ་ནི།
       
ཟླ་བདུན་པ་ནི།
རྨི་ལམ་གྱི་གཤོག་པ་ཆར་བས་བརླན་དུས་རེད།
ཚོར་སྣང་གི་འདབ་མར་ཟིལ་བ་ཆགས་དུས་རེད།

ཟླ་བདུན་པ་ནི།
རེ་སྒུག་གི་ཆུ་མོ་ལྷོག་ལྷོག་བྲུག་དུས་རེད།
དྲན་གདུང་གི་གནམ་ས་སྨུག་པས་བཏུམས་དུས་རེད།

ཟླ་བདུན་པ་ནི།
དྲན་ཤིང་གི་རླུང་བུ་རྒྱང་ལ་གཡུག་དུས་རེད།
ཞེ་འདང་གི་མེ་ཏོག་ཙད་ཀྱིས་སྐམ་དུས་རེད།
              2018/7/31

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/8/12 བལྟ་ཀློག (2450)