ཧྲེང་ཧྲེང་།

ཧྲེང་ཧྲེང་།


འབའ་སྣང་གྲོལ།

ཧྲེང་ཧྲེང་།
ཁྱོད་ལ་རྔ་མ་མེད།
ཁྱོད་ལ་གདོང་འབག་མེད།
ཁྱོད་ལ་སྤྲུལ་སྒྱུར་མེད།
ཁྱོད་ལ་རྒྱབ་རྟེན་མེད།
ཁྱོད་ནི་མི་ཡུལ་གྱི་ཧྲེང་ཧྲེང་ཞིག་ཡིན།

ཧྲེང་ཧྲེང་།
ཁྱོད་ལ་རྨི་ལམ་རིང་མོ་ཞིག་ཡོད།
ཁྱོད་ལ་འུ་ཚུགས་མཁྲེགས་པོ་ཞིག་ཡོད།
ཁྱོད་ལ་གདམ་ག་མཚར་བོ་ཞིག་ཡོད།
ཁྱོད་ལ་སུས་ཀྱང་ཚབ་མི་ཐུབ་པའི་ཧྲེང་ཧྲེང་གི་འཇིག་རྟེན་ཞིག་ཡོད།


ཧྲེང་ཧྲེང་།
ཁྱོད་ནི་སྙིང་སྟོབས་ཀྱི་ང་རྒྱལ་ཁྲོད་གནས་པ་ཡིན།
ཁྱོད་ཀྱིས་རང་གི་ལས་སྐལ་ལ་བརྩི་སྲུང་ཞུ་བ་ཡིན།
ཁྱོད་ནི་རྡོ་བའི་གཤིས་ལ་རྟག་ཏུ་སྨོན་པ་ཡིན།
ཁྱོད་ནི་རང་གཤིས་རྣོ་ལྕགས་སུ་མགར་བར་དགའ་བ་ཡིན།
ཁྱོད་ཀྱིས་རང་ཉིད་ལ་ཡིད་ཆེས་ཚད་མེད་བྱ་བ་ཡིན།


ཧྲེང་ཧྲེང་།
ཁྱོད་ནི་རང་གི་འདོད་མོས་ལྟར་མི་ཚེ་གཏོང་བར་རབ་ཏུ་མོས་པ་ཡིན།
༢༠༡༨/༨/༡༣ཉིན་ཚ་རྔ་འགག་ཏུ།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/8/13 བལྟ་ཀློག (2280)