པོ་ཏ་ལར་རིན་མེད་ངང་ལྟ་སྐོར་བྱེད་ཆོག་ཟེར།


སྤྱི་ཟླ་11པའི་ཚེས་1ཉིན་ནས་སང་ལོའི་ཟླ3པའི་ཚེས་15བར་ཡུལ་སྐོར་བས་པོ་ཏ་ལར་ལྟ་སྐོར་སྒོ་འཛིན་ཉོ་མི་དགོས་པ་རེད།

    རྒྱུས་ལོན་བྱས་པ་ལྟར་ན།  2018ལོའི་ཟླ་11པའི་ཚེས་1ཉིན་ནས་བཟུང་དགུན་ཁར་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་རྒྱུར་སྐུལ་ཁྲིད་བྱ་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་གཟིགས་སྐྱོང་སྲིད་ཇུས་སྤེལ་ནས། པོ་ཏ་ལར་2018ལོའི་ཟླ་11པའི་ཚེས་1ཉིན་ནས་2019ལོའི་ཟླ་3པའི་ཚེས་15ཉིན་བར་རིན་མེད་ངང་ལྟ་སྐོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

  ཟླ་དེ་དག་གི་རིང་། ཡུལ་སྐོར་བས་ཐོབ་ཐང་ལག་ཁྱེར་བསྟན་ནས་ཉིན་དེའི་སྒོ་འཛིན་རིན་མི་དགོས་པར་བླངས་ཏེལྟ་སྐོར་བྱེད་ཆོག


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/11/3 བལྟ་ཀློག (4700)