བོད་པའི་ལོ་སར་གྱི་ལེགས་སྐྱེས་ཡག་ཤོས་འགྲོ་འདུག་ལག་དེབ།

དེབ་གསར《འགྲོ་འདུག་ལག་དེབ》 ཀྱི་འགྲེམ་སྤེལ་མཛད་སྒོ། 

常上小百科

      བོད་ཀྱི་རྩོམ་པ་པོ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་བརྩམས་པའི་དེབ་གསར《འགྲོ་འདུག་ལག་དེབ》ཀྱི་འགྲེམ་སྤེལ་མཛད་སྒོ་ཁྲིན་ཏུའུ་ཧི་མ་ལའི་རིག་མཛོད་ཁང་དུ་འཚོགས།

      སྤྱི་ལོ་༢༠༡༩ལོའི་ཟླ་དང་བོའི་ཚེས་༢༡ཉིན་ཁྲིན་ཏུའུ་ཧི་མ་ལའི་རིག་མཛོད་ཁང་གི་གཙོ་འཛིན་གཞོན་པ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་བརྩམས་པའི་དེབ་གསར《འགྲོ་འདུག་ལག་དེབ》ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ཏེ་༼དེབ་གསར་འགྲེམ་སྤེལ་མཛད་སྒོ༽ཁྲིན་ཏུའུ་གྲོང་ཁྱེར་གྱི་ཧི་མ་ལའི་རིག་མཛོད་ཁང་ནས་དངོས་སུ་འཚོགས།

     ཚོགས་ཐོག་ཏུ་བོད་ཁུལ་གྱི་མཁས་པ་གང་མང་དང་བླ་སྤྲུལ་དགེ་བཤེས་གང་མང་བྱོན་པར་མ་ཟད་ཧི་མ་ལའི་རིག་མཛོད་ཁང་གི་ལས་བཟོ་བ་ཡོངས་མཉམ་ཞུགས་བྱས་ཏེ《འགྲོ་འདུག་ལག་དེབ》ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་འཐུས་ཚང་བ་དང་བདེ་བླག་ཏུ་མཇུག་བསྡུས་ཡོད།

      རྩོམ་པ་པོ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཨ་མདོ་རྨེ་བ་ནས་འཁྲུངས་ཤིང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་གཉིས་པའི་མཐོ་རིམ་མཐར་ཕྱིན་དང་། པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་ཆེན་མཐར་ཕྱིན། གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་གི་ནང་བསྟན་ཆེད་ལས་པ། སི་ཁྲོན་ཞིང་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་རབ་འབྱམས་པ་བཅས་ཡིན་པར་མ་ཟད། 

ཁོང་གི་བྱ་བའི་ལས་རིམ་ཡང་།  ཧི་མ་ལའི་རིག་མཛོད་ཁང་།  ཧི་མ་ལའི་དགེ་ལས་ཐེབས་རྩ་ཚོགས་པ། རིས་མེད་ཡར་སྐུལ་སློབ་གསོ་སོགས་ཀྱི་འགན་འཛིན་པ་དང་ཧི་མ་ལའི་རིག་མཛོད་དྲ་ཚིགས། རྒྱུན་ཤེས་འཕྲིན་སྟེགས། འཕྲུལ་དེབ་འཕྲིན་སྟེགས། རིགས་མཛོད་འཕྲིན་སྟེགས། རིག་མཛོད་ལག་དེབ་སོགས་ཀྱི་བདག་གཉེར་བ་བཅས་དཀྱུས་གཅིག་ཏུ་འགན་བཞེས་ཡོད།

     ཁོང་གིས་སྔོན་ཆད་བརྩམས་པའི་གསུང་རྩོམ་པོད་ལྔ་ཡོད་པར་ཀློག་པ་པོ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།

     ༡《སུམ་རྟགས་དག་གསུམ་རྩ་འགྲེལ།》༢ 《དུས་རབས་ཀྱི་སྟེགས་བུ། 》༣ 《གདན་རབས་ལོ་རྒྱུས། 》༤ 《རྒྱུན་ཤེས་གླིང་ག》  ༥ 《འཚོ་བའི་ལག་རྟེན།》སོགས་ལས་ཀྱང་ལྷག་ཏུ་《འཚོ་བའི་ལག་རྟེན》གྱི་དེབ་དེ་ནི་བོད་ཆོལ་ཁ་གསུམ་གྱི་མང་ཚོགས་ནང་ཆེས་རྒྱུག་ཆེ་བའི་དེབ་ཀྱི་གྲས་སུ་ཐོན་པ་དང་།  2015ལོའི་ལོ་གཅིག་གི་ནང་བོད་ཡུལ་གྱི་དཔེ་དེབ་སྤེལ་གྲངས་ཆེས་མང་བའི་དེབ་གཅིག་པུར་གྱུར་པར་མ་ཟད་ལོ་ཧྲིལ་བོའི་ནང་དཔར་ཐེངས་མང་པོར་བསླེབས་པ་དང་།

     ས་གནས་འགས་ལྐོག་པར་བྱས་པའང་བགྲང་གིས་མི་ལོང་བའི་ཚད་ཅིག་ཡིན་ཞེས་བཤད་ན་རྫུན་དུ་མི་འགྱུར་སྙམ།

     རྩོམ་པ་པོ་ཁོང་གིས་བྱ་བའི་བར་གསེང་ཀུན་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་དང་། བོད་ཡུལ་གྱི་ས་ཆ་སོ་སོར་ཕེབས་ཏེ་སློབ་གསོའི་བྱ་འགུལ་འང་མི་ཉུང་བ་སྤེལ་གྱིན་ཡོད་ལ། དེ་མིན་སྤྱི་ཚོགས་ལ་ཕན་ནུས་བླ་ན་མཐོ་བའི་དེང་རབས་འཕྲོད་བསྟེན་དང་རྒྱུན་ཤེས་ཀྱི་རྩོམ་ཡིག་ཀྱང་མང་དུ་སྤེལ་བཞིན་ཡོད་པ་མ་ཟད། ད་དུང་མུ་མཐུད་དུ་ཁོང་གིས་བོད་ཀྱི་ཆོས་རིག་དར་སྤེལ་དང་གོང་འཕེལ་གྱི་ཆེད་དུ་བྱ་བ་སྣ་ཚོགས་ལ་འབད་པ་ཁྲི་སྟོང་གིས་བརྩོན་པ་བསྐྱེད་དེ་ཕྱག་ལས་རླབས་ཆེན་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་འདི་ག་ལགས་སོ། །

ཚོགས་རའི་ཟུར་ངོས།

དགེ་རྒན་ཆེན་མོ་ཡུལ་ཤུལ་ཚེ་དབང་བཀྲ་ཤིས་ལགས་ཀྱིས་མཛད་སྒོའི་དབུ་འཛིན་དང་གཏམ་བཤད་གནང་བཞིན་པ།

རྨེ་གྲྭ་ཚེ་རིང་བསམ་འགྲུབ།

   《འགྲོ་འདུག་ལག་དེབ》ཀྱི་རྩོམ་པ་བོ་རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་སྤྱི་ལོ་2014 ནས་བསིལ་རླུང་འཕྲིན་སྟེགས་བརྒྱུད་དེ་རྒྱུན་ཤེས་ཀྱི་རྩོམ་ཡིག་སྤེལ་བའི་ཕྱག་ལས་གནང་བར།   སྤྱི་ཚོགས་ཀྱི་ས་ཆ་སོ་སོ་ནས་རིམ་གྱིས་མཐོང་ཆེན་མཛད་པས། ལོ་སྔོན་མར《འཚོ་བའི་ལག་རྟེན》དཔར་ཐེངས་དགུ་ཙམ་སྤྱི་ཚོགས་སུ་བཀྲམས་ཐུབ་པས་ཕན་པ་ཡོད་རྟགས་སུ་མངོན་པ་དང་། ད་ཐེངས་ཀྱང《འགྲོ་འདུག་ལག་དེབ》འདི་ཡང་དེ་བཞིན་རྒྱུན་ཤེས་ཀྱི་སྐོར་ཡིན་པ་དང་། སྒོས་སུ་འཕྲོད་བསྟེན་རྒྱུན་ཤེས་ཀྱིས་གཙོ་བོ་བཟུང་ཡོད་པའི་དེབ་ཅིག་ཡིན་པས་ཕན་ཐོགས་འབྱུང་བར་ཡིད་ཆེས་ཡོད།

   དེབ་འདི་བརྩམས་པའི་དམིགས་ཡུལ་ནི་མིའི་འཚོ་བའི་རྒྱུན་སྤྱོད་གོམས་གཤིས་ཇེ་ལེགས་སུ་བསྒྱུར་ཏེ་རང་ཉིད་སྤྱི་ཚོགས་དང་འཚམ་པའི་མི་ཞིག་ཆགས་རྒྱུའི་ཆེད་དང། དེབ་འདི་ཀློག་མཁན་ཡང་མང་ཚོགས་དཀྱུས་མ་ཞིག་ཡིན་རུང་གོ་བ་འཕྲོད་བདེ་བོ་ཞིག་འོང་རྒྱུའི་ཕྱོགས་སུ་དམིགས་ཏེ་བྲིས་ཡོད་པ་དང་། ནང་དོན་གྱི་ཆ་ནས་རྒྱུན་ཤེས་དང་འཕྲོད་བསྟེན་གྱི་སྐོར་དེ་དེང་གི་སྤྱི་ཚོགས་གསར་བའི་མིའི་འཚོ་བའི་དགོས་མཁོ་ཐད་ཀར་སྐོང་ཐུབ་པའི་རེ་འདུན་བཅས་དེབ་འདི་བྲིས་པ་ཡིན་པའི་སྐོར་སོགས་གསུང་བཤད་གནང་།

རིག་འཛིན་བསྟན་སྲུང་།

ཧི་མ་ལའི་རིག་མཛོད་ཁང་གི་སྤྱི་གཙོ་འཛིན་རྒན་པ་མཆོག་སྤྲུལ་ཚེ་རིང་རྡོ་རྗེ།

ཟླ་བ་འོད་ཟེར།

མཁར་སྤྲུལ་བཀྲ་ཤིས་དོན་ཁོ།

སྤྲེལ་རྫོང་འཇམ་དཔལ་མཁྱེན་རབ།

གླུ་ངག་གི་མཆོད་པ།

རྩོམ་པ་པོ་དུར་མིག

རྫོགས་ཆེན་དགོན་པའི་མཁན་ནོར་བཟང་།

ཚོགས་རའི་ཡུལ་དངོས།

ཁཱ་ཤེས་རབ་རྒྱ་མཚོ།

མཉམ་པར།


འབྲེལ་གནས།

  བཟོ་གྲྭའི་ཚོང་ལམ།

ཁ་པར།183-8367-3238  

 འཕྲིན་ཕྲན། 17057818888   


    ས་གནས་སོ་སོའི་སྡེབ་ཚོང་འབྲེལ་གནས།

             ལྷ་ས།  拉萨:17708919162

             ཟི་ལིང་།  西宁:15897140246 

             ཁྲིན་ཏུའུ།  成都:18383673238


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/1/24 བལྟ་ཀློག (6747)