དེབ་གསར《ཉམ་ཐག་པའི་གཞས》ཀྱི་འགྲེམ་བརྡ།

དེབ་གསར《ཉམ་ཐག་པའི་གཞས》ཀྱི་འགྲེམ་བརྡ།

       གསར་སྐྱེས་གྲྭ་བཙུན་སྙན་ངག་པ་འདི་གཉིས་ཀྱིས་རང་རང་གི་སྐད་ངག་ལ་བརྟེན་ཏེ་རང་རང་གི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཡོད་ཅིང་།  གླུ་ལེན་པའི་གོ་རིམ་ཁྲོད།  ཁོང་རྣམ་པ་གཉིས་ཀྱིས་རང་ཉིད་ཅི་ཞིག་ཡིན་པ་དང་། རང་ཉིད་ཀྱིས་ཅི་ཞིག་སྒྲུབ་བཞིན་པའི་ཁྲོད་ཀྱི་སེམས་ཚོར་རྣལ་མ་དེ་ཇི་བཞིན་ཤོག་ངོས་སུ་ཕབ་ཡོད་པས། ཀློག་པ་པོ་ཞིག་གི་ངོས་ཐད་ནས་སྐད་ཆ་རེ་ལབ་ན། ཁོང་རྣམ་པ་གཉིས་ཀས་མུ་མཐུད་དུ་སྙན་ངག་གི་ཕྱོགས་ལ་ཤུགས་བརྒྱབ་པ་ཡིན་ན་རེ་བ་ཤིན་ཏུ་ནས་ཆེའོ་སྙམ།
 
———— མར་ཁུ་རྒྱལ་མཚན་གྱིས།

       ཟབ་མོ་བ་དང་འབར་མིག་ཡངས་གཉིས་ཀྱི་སྙན་དེབ《ཉམ་ཐག་པའི་གཞས》ཞེས་པ་དཔར་སྐྲུན་བྱས་པར་རྟེན་འབྲེལ་ཞུ། འདི་ཉིད་སེམས་དང་ཚིག་གི་བར་གྱི་དཔྱངས་ཟམ་ཞིག་ཏུ་གྲུབ་ཅིང་དེ་ནས་ཀློག་པ་པོ་རེ་རེའི་སྙིང་ཁར་བརྐྱངས་པའི་སྒྱུ་འཕྲུལ་གྱི་ལམ་བུ་ཞིག་ཏུ་འགྱུར་བར་སྨོན།

————སྐྱབས་ཆེན་བདེ་གྲོལ་གྱིས།


ཐག་ཉེ་རིང་གི་གྲོགས་པོ་ཚོས།
གནམ་ས་གཉིས་ཀྱི་ཕ་མཐའ་ནས།
དགོན་པའི་ཁུ་སིམ་ཀློང་གི
གཡེར་དྲིལ་གྱི་སྒྲ་དབྱངས་ལྟ་བུའི།
ཁེར་རྐྱང་གི་སྙིང་ཆུང་དམར་པོ་གཉིས་ཀྱི་འཕར་སྒྲ་ལ་ཉན་ན།
 
ཚོར་བ་ག་འདྲ་འདུག
སེམས་བྱུང་ག་ཚོད་འདུག
 

————མར་ཁུ་རྒྱལ་མཚན་གྱིས།


ཤིས་ཚིག
གྲྭ་བཙུན་གཉིས་ཀྱི་སྙན་དེབ<ཉམ་ཐག་པའི་གཞས>པར་སྐྲུན་བྱས་པར་ཕུལ་བ།

སེམས་ཀྱི་ནམ་མཁའ་སྔོ་བསངས་ཞལ་ཡངས་མར།།
བརྩེ་བའི་སྤྲིན་ཆེན་ཀུན་ནས་འཁྲིགས་པ་ན།།
ཉམ་ཐག་གཞས་ཀྱི་སྙན་འགྱུར་འབུམ་གྱི་ཁྲོད།།
དབྱངས་ཅན་རྒྱུད་མངས་འདར་བའི་ཚིག་དག་བྱུང་།།

ཚིག་དེས་མིང་དུ་གདགས་པ་མེད་པར་ནི།།
སེམས་ཀྱི་རང་བཞིན་འོད་དུ་གསལ་བར་ཤོག།
འོད་དེ་ཀུན་ནས་འཚེར་ཞིང་འབར་བ་ཡིས།།
རྩོམ་རིགས་པད་ཚལ་ཀུན་ནས་རྒྱས་པར་ཤོག།

     ཀླུ་ཚང་སྨྱུག་རྩེན་གྱིས་ཟླ༣པའི་ཚེས༢༣ཉིན།


དཔེ་ཆ་འདི་མངག་ཉོ་བྱེད་ས།
འཕྲིན་ཕྲན་འབྲེལ་གནས།
ཟབ་མོ་བ། longzhubasang1997
འབར་མིག་ཡངས།zxdj 5288

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/5/5 བལྟ་ཀློག (432)